སྤང་རི་སྣ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གནས་སྟངས་ཛ་དྲག

 པར་འདེབས།

༢༠༡༤།༠༨།༡༩ཉིན་སྤེལ། སྤང་རི་སྣ་རིན་པོ་ཆེ་མཆོག་ལོ་དྲུག་ལྷག་འགོ་བཞིན་ཡོད་པར་མ་ཟད་ཁོང་བཙོན་འཇུག་ བྱས་རྗེས་སུ་མནར་གཅོད་དྲག་པོ་འཕོག་པའི་ཉེར་ལེན་གྱིས་ད་ལྟའི་ཆར་སྔར་དང་མི་ འདྲ་བར་སྐུ་གཟུགས་ཀི་གནས་སྟངས་ཧ་ཅང་གི་སོ་པོར་གྱུར་ཡོད་འདུག

མདོ་ཁམས་དཀར་མཛེས་དགོན་པའི་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་འཇུ་བཟུང་བྱས་ནས་ལོ་དྲུག་དང་ཟླ་བ་གསུམ་ལྷག་འགོ་བཞིན་ཡོད་པར་མ་ཟད་ལོ་ངོ་དེ་དག་གི་རིང་རྒྱ་དམར་ནས་རིན་པོ་ཆེ་མཆོག་ལ་ཉེས་རྡུང་དང་ཟས་བཀག་སོགས་མི་སོད་ལས་འདས་པའི་ཉེས་པ་འདྲ་མིན་བཏང་རེན། ཁོང་ད་ལྟའི་ཆར་སྔར་དང་མི་འདྲ་བར་སྐུ་གཟུགས་ཀི་གནས་སྟངས་ཧ་ཅང་གི་སོ་པོར་གནས་ཡོད་ལུགས་ཁུངས་ལྡན་གནས་ ཚུལ་གོ་ཐོས་བྱུང་བས། འཛམ་གིང་ཁོན་ཡོངས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ཀིས་རིན་པོ་ཆེ་སྨན་བཅོས་བྱེད་པར་ནར་འགྱངས་མ་སོང་བ་གང་མགྱོགས་བཙོན་ནས་གོད་གོལ་གྱིས་སྨན་བཅོས་ལ་ངེས་པར་གཏོང་གནང་ཡོང་བའི་རྒྱ་ནག་གཞུང་ལ་གནོན་ཤུགས་དང་། རྒྱབ་སོར་གནང་སོང་ཡོང་བའི་འབོད་སྐུལ་དང་བཅས་རིན་པོ་ཆེ་མཆོག་གི་མཛད་རྣམ་སིང་བསྡུས་སུ་གཤམ་དུ་བཀོད་ཡོད།

དེ་ཡང་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེའམ་ཕུར་བུ་ཚེ་རིང་མཆོག་ནི། ཕི་ལོ་༡༩༥༧ ཟླ་༠༡ ཚེས་༠༢ ཉིན་སི་ཁོན་ཞིང་ཆེན་དཀར་མཛེས་ ཁུལ། དཀར་མཛེས་རོང་། བེ་རི་སེ། གསེར་མཁར་ཤང་། མཆིག་རིང་གོང་ཡབ་ཚེ་དབང་དར་རྒྱས་དང་། ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀི་སྲས་སུ་འཁྲུངས། རིན་པོ་ཆེ་ཁོང་དཀར་མཛེས་སྤང་རི་སྣ་བཙུན་དགོན་དང་། ཡར་སེང་བཙུན་དགོན་གཉིས་ཀི་དགོན་བདག་ཡིན་ལ། སྤང་རི་སྣ་སེར་གི་རྒན་གསོ་ཁང་གི་འགན་འཛིན་ཡང་ཡིན། ཁོང་གིས་མཛད་པར་དཀར་མཛེས་མི་མང་རྣམས་ཀིས་རྒྱབ་སོར་དང་དད་སེམས་གཡོ་མེད་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

ཁོང་གིས་བོད་མི་མང་དང་རང་ཡུལ་ཡར་རྒྱས་གཏོང་བའི་མཛད་པ་རྒྱ་ཆེ་སོང་པར་རྒྱ་གཞུང་གིས་རིན་པོ་ཆེ་ཁོང་ལ་སྤང་རི་སྣ་དང་ཡར་སེང་བཙུན་དགོན་གཉིས་ཀི་བཙུན་མ་ཚོས་རྒྱ་གཞུང་ནས་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀི་སོབ་གསོའ་ིལས་འགུལ་སྤེལ་བར་ངོ་རྒོལ་བྱས་པ་དང་། ༸གོང་ས་མཆོག་ལ་སོན་བརོད་ གི་ཡིག་ཆའི་སེང་མཚན་རྟགས་མ་བཀོད་པ། དེ་བཞིན་ཕི་ལོ་༢༠༠༨ ཟླ་༥ ཚེས་༡༤ ཉིན་སྤང་རི་སྣ་དགོན་པའི་བཙུན་མ་ལྔ་བཅུ་ང་བཞིའི་དུས་གཅིག་ཏུ་དཀར་མཛེས་རོང་ཐོག་ཏུ་ཞི་བའི་ཁོམ་སོར་བྱས་པ་སོགས་དང་འབེལ་ བ་ཡོད་པ་བཤད་དེ། ཉེན་རྟོག་པས་གོང་ཚེས་ཉིན་ནས་བཟུང་རིན་པོ་ཆེར་རེས་དེད་དང་རྟོག་ཞིབ་བྱས་འདུག་ལ། བཙུན་དགོན་གཉིས་ཀི་བཙུན་མ་ཚོས་ངོ་རྒོལ་བྱས་པ་དེ་དག་རིན་པོ་ཆེ་མཆོག་གིས་ངན་སྐུལ་བྱས་པ་སོགས་ སད་འདོགས་འདྲ་མིན་དང་། དེ་སྔ་ཕི་ལོ་༢༠༠༢ ལོར་གནས་མཆོག་རོ་རེ་གདན་དུ་༸གོང་ས་མཆོག་གོ་བུར་སྙུང་གཞི་མཛད་སབས། སྤང་རི་སྣ་རིན་པོ་ཆེ་མཆོག་དབུ་བཞུགས་གནང་ཐོག་དཀར་མཛེས་མི་མང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་སབས་འབུལ་དང་། ཞབས་རིམ་འབད་སྒྲུབ་བྱས་པ་སོགས་ལ་རྒྱབ་ཁབ་ཁ་བལ་གི་ཉེས་མིང་སྣ་ཚོགས་འདོགས་ཏེ། ཕི་ལོ་ ༢༠༠༨ ཟླ་ ༠༥ ཚེས་ ༡༨ ཉིན་ཐོ་རངས་བོད་ནང་ཆུ་ཚོད་བཞི་པ་ཙམ་ལ་རིན་པོ་ཆེའི་གཟིམ་ཆུང་གོ་བུར་དུ་རྒྱ་དམག་གིས་མཐའ་སོར་བྱས་ཏེ། ནང་དུ་བཙན་འཛུལ་གིས་རིན་པོ་ཆེ་མཆོག་འཛིན་བཟུང་བཙོན་ཁིད་བྱས་ཡོད་པ་མ་ཟད། ཁང་པའི་ནང་གང་སར་སྔོག་བཤེར་བྱས་ཡོད་པ་རེད།

དེ་བཞིན་སྤང་རི་སྣ་དང་ཡར་སེང་བཙུན་དགོན་གཉིས་ཀང་དམག་མི་དང་ཉེན་རྟོག་པ་༢༠༠༠ ལྷག་གིས་མཐའ་སོར་དམ་འཛིན་བྱས་ཡོད་འདུག་ལ། ཉིན་དེར་དཀར་མཛེས་རོང་གི་ཁ་པར་དང་དྲྭ་གནས་སོགས་བར་འཕིན་བརྒྱུད་ལམ་དང་འགིམ་འགྲུལ་ཚང་མ་བཀག་བསོམས་བྱས་ཡོད་འདུག

དེ་ནས་རིན་པོ་ཆེ་ཇུ་བཟུང་བྱས་རེས་ཟླ་བ་མང་པོའི་རིང་ལ་ག་བར་ཡོད་མེད་སུས་ཀང་ཤེས་མེད། དངོས་གནས་བྱས་ན། ༼ཀྲུང་ཧྭ་མི་དམང་སི་འཐུས་རྒྱལ་ཁབ་ཀི་ཉེས་དོན་གཏུགས་གཤེར་བཅའ་ཁིམས་དོན་ཚན་༦༤པའི་ནང་། སི་བདེ་ཚན་པས་བཀག་ཉར་བྱེད་སྐབས་ངེས་པར་དུ་བཀག་ཉར་ལག་འཁེར་སྟོན་དགོས་པ་ དང་། བཀག་ཉར་བྱེད་པའི་དོན་སོན་དང་། བཀག་བསིལ་བྱེད་ཡུལ་ས་ཆ་བཅས་ཆུ་ཚོད་ཉེར་བཞིའི་ནང་ཚུད་དུ་བཀག་ཉར་བྱེད་རྒྱུའི་ནང་མིའམ་གནས་སོད་བྱེད་ཡུལ་ཚན་པར་བརྡ་ཐོ་གཏོང་དགོས།༽ ཞེས་པ་དང་ཡོངས་སུ་འགལ་བ་བྱས་ཡོད་པ་རེད། ཁོང་བཙན་འཇུག་གི་ནག་ཉེས་ར་འཕོད་ད་བར་ཅི་ཀང་བྱུང་མེད་ལ། ཕན་ཚུན་ར་འཕོད་ཆེད་ཁིམས་རའི་ནང་འདྲ་མཉམ་གྱིས་སྐད་ཆ་བཤད་ས་ཐེངས་གཅིག་ཀྱང་རག་མོང་མེད་པའི་ཐོག
ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༢༣ཉིན་དཀར་མཛེས་ཁུལ་དར་མདོ་འབིང་རིམ་མི་དམངས་ཁིམས་ཁང་གིས་ རིན་པོ་ཆེ་ཁོང་ལ་མི་ལོ་ཧྲིལ་པོ་༠༨དང་ཟླ་བ་༠༦གི་བཙོན་འཇུག་ཁིམས་ཐག་བཅོད་དེ། རྒྱ་ནག་ཁིན་ཏུའུ་ནས་ལམ་ཐག་ཉེ་བའི་སར་༼མེན་ཡཱང་བཙོན་ཁང་༽ཟེར་བའི་ནང་དུ་ལོ་དྲུག་ལྷག་འགོ་བཞིན་ཡོད་པར་མ་ཟད་ཁོང་བཙོན་འཇུག་བྱས་རྗེས་སུ་མནར་གཅོད་དྲག་པོ་འཕོག་པའི་ཉེར་ལེན་གྱིས་ད་ལྟའི་ཆར་སྔར་དང་མི་འདྲ་བར་སྐུ་གཟུགས་ཀི་གནས་སྟངས་ཧ་ཅང་གི་སོ་པོར་གྱུར་ཡོད་འདུག

སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་གི་མཛད་རྣམ་སིང་བསྡུས།
མི་ལོ་༠༨ དང་ཟླ་བ་༠༦ ནི་མི་ཞིག་གི་ཚེ་ནང་དུས་ཚོད་ཐུང་ཐུང་ཞིག་རྩ་བ་ནས་མིན་ལ། ལྷག་དོན་རིན་པོ་ཆེ་ཁོང་ལ་ མཚོན་ན། ཁོང་གིས་འཛིན་སོང་གནང་བཞིན་པའི་ཤུལ་ལུས་རྒན་གསོ་ཁང་གི་རྒན་འཁོགས་བཅུ་གངས་ཡོད་པ་དེ་ཚོ་ལ་ སུས་ལྟ་རོགས་བྱེད་དགོས་པ་དང་། སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་ཞལ་གངས་༡༠༠ ལྷག་དང་། ཡར་སྟེང་བཙུན་དགོན་གྱི་བཙུན་མ་༦༠ ལྷག་ཡོད་པ་དེ་དག་གི་འཛིན་སོང་སུ་ཞིག་བྱེད་དགོས། ད་དུང་ཁོང་གི་སྨན་ཁང་ཡང་ཡོད་པ་དེ་ཚོ་རྒྱ་ཆེ་མང་ཚོགས་ཀི་དགའ་བསུ་ཐོབ་པ་ཤ་སྟག་ཡིན་པས་དེ་དག་གིས་འགན་སུས་ཁུར་དགོས་སམ། ང་ཚོ་དེ་བས་ཀང་ཞེད་སྣང་ཚ་ཤས་དེ། དེ་སྔོན་༸པཎ་ཆེན་རིན་པོ་ཆེ་སྐུ་ཕེང་བཅུ་པ་དང་གུང་ཐང་རིན་པོ་ཆེ། མཁན་ཆེན་འཇིགས་མེད་ཕུན་ཚོགས། རྒན་བསོད་ནམས་ཕུན་ཚོགས་བཅས་མང་ཚོགས་ཀིས་དད་པ་དང་དོ་སྣང་ཆེས་ཆེར་གནང་སའི་བླ་སྤྲུལ་ཁག་གཅིག་རྒྱུ་མཚན་གསལ་པོ་མེད་པར་གོ་བུར་འདས་གོངས་སོང་བའི་གནས་ཚུལ་ཐབས་སོ་བོ་དེའི་རིགས་དང་འདྲ་བ་ཞིག་མི་ཡོང་བའི་ངེས་པ་མེད་པ་དེ་རེད།

མདོ་ན་བོད་ནང་མི་མང་གིས་ཧ་ཅང་བརྩི་མཐོང་ཆེ་བའི་མི་ཞིག་ཐོན་ན་དེ་ནི་རྒྱལ་ཁབ་ཀི་བརན་ལྷིང་ལ་གནོད་སོན་གཏོང་མཁན་ཡིན་ཚུལ་གྱི་ནག་ཉེས་ཞྭ་མོ་འགེལ་གྱི་ཡོད་པ་མ་ཟད་བོད་ནང་བསྟན་སིད་མི་རིགས་དང་བཅས་ཁུར་འགན་བཞེས་མཁན་བླ་སྤྲུལ་དགེ་བཤེས་རྣམས་རིམ་བཞིན་རྒྱ་གཞུང་གིས་ཉེས་མེད་ཉེས་འདོགས་ཀིས་གཡོ་ཐབས་རབ་དང་རིམ་པ་སད་དེ་སྐུ་ཚེ་མ་ཟིན་པ་དང་། སྐུ་ཁམས་མ་བདེ་བ་སོགས་ཆགས་པ་དུ་མ་ཞིག་བྱུང་ཟིན་ཡོད་པ་ཀུན་གྱི་མཁེན་གསལ་ལྟར་ཡིན། དེར་བརེན་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་མཆོག་ཀང་རྒྱ་གཞུང་ནས་ཁུངས་ལྡན་གྱི་རྒྱ་མཚན་གང་ཡང་མེད་པར་འཛིན་བཟུང་བཙན་ཁིད་བྱས་པ་ནས་ད་ལྟའི་བར་བཙོན་འཇུག་བྱེད་བཞིན་ཡོད་པ་དེར་དཀར་མཛེས་མི་མང་ཙམ་མ་ཟད། རྒྱ་ཆེ་བའི་བོད་རིགས་རྩམ་ཟན་ཀུན་ལ་ཡོད་སོ་དགོས་པའི་གནད་ཚུལ་ཞིག་ཡིན་སྙམ་མོ། ། 

དཀར་མཛེས་མདའ་ཁུག་ཞབས་ཚང་པདྨ་ཚེ་དབང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༠༨ ཚེས་ ༡༨ ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།