choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལྷ་ས་ནས་གཞིས་རྩེ་བར་མེ་འཁོར་ཤར་གཏོང་ཐུབ་ཡོད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༡༨ཉིན་སྤེལ། ༢༠༡༠།༠༩།༢༦།ཉིན་འཛུགས་བསྐྲུན་བྱས་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དེ་༢༠༡༤ཟླ།༠༨ཚེས༡༥ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

རྒྱ་གཞུང་གིས་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༠།༠༩།༢༦།ཉིན་འཛུགས་བསྐྲུན་བྱས་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དེ་༢༠༡༤ཟླ།༠༨ཚེས༡༥ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད་ཚུལ་སྤེལ་འདུག མེ་འཁོར་ཐོག་མ་ཟླ་༠༨།ཚེས་༡༦ཉིན་གྱི་ཞོགས་པའི་ཆུ་ཚོད་༩པའི་ཐོག་ལྷ་སའི་མེ་འཁོར་འབབ་ཚུགས་ནས་དངོས་སུ་ཐོན་ཡོད་འདུག

ལྷ་ས་ནས་གཞིས་རྩེ་བར་ལྕགས་ལམ་གྱི་རིང་ཚད་སྤྱི་ལི་༢༥༡ཡོད་པས།  སྟོད་ལུང་བདེ་ཆེན་རྫོང་དང་། ཆུ་ཤུར་རྫོང་། སྙེ་མོ་རྫོང་། རིན་སྤུངས་རྫོང་བཅས་བརྒྱུད་གཞི་ནས་གཞིས་ཀ་རྩེར་སླེབས་ཀྱི་ཡོད་པ་རེད། ལམ་ཐིག་ཧྲིལ་པོར་འབབ་ཚུགས་༡༤ཡོད་པས་ཆུ་ཚོད་རེར་མགྱོགས་་ཚད་སྤྱི་ལེ་༡༢༠རེ་ཡིན་པ་རེད། མེ་འཁོར་ཐད་གཏོང་བྱས་རྗེས་ལྷ་ས་ནས་གཞིས་རྩེ་བར་ལ་ཚོུད་གཉིས་ཀྱི་ལམ་ཐག་མ་གཏོགས་མེད་པ་རེད།

ལྕགས་ལམ་དེ་ལེགས་གྲུབ་བྱུང་བ་རྒྱུད་ལྷོ་ནུབ་ཁུལ་གྱི་སྐྱེལ་འདྲིན་གྱི་རྣམ་པར་འགྱུར་ལྡོག་བྱུང་སྟེ། མགྱོགས་མྱུར་དཔལ་འབྱོར་འཕེལ་རྒྱས་དང་། རྒྱུ་ནོར་གསར་སྤེལ། ལམ་རྒྱུད་ཀྱི་མི་རིགས་ཁག་གི་མི་མང་འགྲོ་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ་ཡིན་ཚུལ་བརྗོད་འདུག

ལས་དོན་དེ་བོད་དང་བོད་མིར་ཕན་ཐོགས་དང་ཕར་ཚུར་འགྲོ་འོང་ལ་དགེ་མཚན་ལྡན་ཚུལ་ས་གནས་རྒྱ་གཞུང་གིས་དྲིལ་བསྒྲགས་ཡོད་ཀྱང༌། ཡོངས་གྲགས་སུ་རྒྱ་ནག་ནས་བོད་དུ་མེ་འཁོར་ཐད་གཏོང་དང་ད་ལྟ་བོད་ནང་ཁུལ་ཐད་གཏོང་བྱས་དང་བྱེད་བཞིན་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། བོད་ནང་མེ་འཁོར་ལྕགས་ལམ་གཞི་རྒྱ་ཆེ་བ་འཛུགས་བསྐྲུན་བྱས་དང་བྱེད་བཞིན་པ་བོད་མིའི་མིང་གི་ཐོག་ནས་བྱེད་རུང༌། གཙོ་བོ་རྒྱ་མི་འབོར་ཆེན་བོད་དུ་དབོར་འདྲེན་ལ་སྟབས་བདེ་བཟོ་བ་དང་དེ་བཞིན་རྒྱ་དམག་དང་ཁོ་པ་ཚོས་བེད་སྤྱོད་གཏོང་རྒྱུའི་གོ་མཚོན་འདྲ་མིན་འབོར་ཆེན་ཞིག་བོད་དུ་དབོར་འདྲེན་བཅས་ཀྱི་ལས་དོན་སོགས་ལ་དམིགས་པ་ཞིག་ཡིན་ལུགས་ཤོད་བཞིན་ཡོད་པ་རེད།།

ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།