choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྐྱེས་པ་ཚང་མ་འཛིན་བཟུང་བྱས་ཏེ་མགོ་རིལ་བཟོས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་༨ཚེས་༡༨ཉིན་སྤེལ། འདི་ག་གསརང་ཁང་དུ་ཟླ་༨ཚེས་༡༧ཉིན་གནས་ཚུལ་འབྱོར་གསལ་ལྟར་ན། དཔོན་དབང་གྲགས་ཀྱི་བུའི་གནས་སྟངས་ཛ་དྲག་དང༌། ཤུག་པ་སྡེ་དགོན་གཉིས་ཀྱི་སྐྱེས་པ་ཚང་མ་འཇུ་བཟུང་བྱས་ཏེ་མགོའི་སྐྲ་བྲེགས་ཡོད་པའི་གནས་ཚུལ་འདུག

"༢༠༡༤།༨།༡༧ ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཚེས་ ༡༦ ཉིན་འདན་མ་ཤུག་པ་སྡེ་བའི་སྐྱེ་སེར་གཉིས་ཀྱི་སྐྱེས་པ་ཆ་ཚང་ལོ་ཕྱུག་ས་ཁུལ་གྱི་སྨན་ཁང་གསར་པའི་ནང་བཀག་བསྐྱིལ་བྱས་ཏེ། ཁོ་ཚོ་ཚང་མའི་མགོ་ནས་སྐྲ་བྲེགས་ནས་མགོ་རིལ་བཟོས་འདུག ད་ལྟའི་ཆར་བཀྲ་ཤིས་ཉི་ཤར་དགོན་ནམ་ཤུག་པ་མེ་རུ་དགོན་པའི་ནང་དུ་མཐའ་ན་དཀོན་གཉེར་དང༌། སྒྲུབ་ཁང་གི་སྒྲུབ་དཔོན་ཀྱང་མ་བཞག་པ་འཛིན་བཟུང་བྱས་ཟིན་པའི་གནས་སྟངས་ཆགས་འདུག" ཅེས་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་སོང༌།

"དེ་བཞིན་དཔོན་དབང་གྲགས་ཀྱི་བུ་ཀུན་དགའ་ཤེས་རབ་སྐྱེ་དགུ་ཁུལ་གྱི་སྨན་ཁང་དུ་སྨན་བཅོས་ཆེད་ཁྱེར་ཡོད་ནའང༌། སྨན་ཁང་ནས་ཁོང་གི་ལུས་སྟེང་དུ་མདེའུ་གཉིས་བརྒྱབ་ཡོད་པའི་མདེའུ་མགོ་ཕྱིར་བཏོན་རོགས་མ་བྱས་པར་ལུས་འདུག་ལ། ད་སྐབས་ཁོང་གི་གནས་སྟངས་ཛ་དྲག་ཆགས་ཀྱིན་ཡོད་པ་རེད་འདུག" ཅེས་ཁོང་གིས་སྡེ་དགེ་དྲ་བ། www.dhege.orgཐོག་ཏུའང་བཀོད་གནང་འདུག

"ཁ་སྔོན་ཕྱི་ཚེས་ ༡༢ ནས་འཛིན་བཟུང་བྱས་པའི་ཁྲོད་ཀྱི་བོད་ ༢༤ ཡི་མཚན་ཐོ་འབྱོར་བ། ༡་བློ་དཔལ་བཟང༌། ༢་པདྨ་རྒྱལ་ལོ། ༣་ཡོན་ཏན་སྐྱབས། ༤་བཀྲ་དགའ། ༥་ཀུན་དགའ་བསྟན་འཛིན། ༦་ཟླ་བ་བཀྲ་ཤིས། ༧་ཀརྨ་བཀྲ་ཤིས། ༨་བཀྲ་ཤིས་མགོན་པོ། ༩་ཀུན་དགའ་ཤེས་རབ། ༡༠་ཡེ་ཤེས། ༡༡་འཇམ་དབྱངས་བསོད་ནམས། ༡༢་བཀྲ་ཤིས། ༡༣་ཚེ་རིང༌། ༡༤་རྒྱ་ལུག ༡༥་ཐུབ་བསྟན་ཆོས་འཕེལ། ༡༦་བླ་སྐྱབས། ༡༧་དབང་ཆེན། ༡༨་བུ་མོ། ༡༩་མཚོ་རྒྱལ། ༢༠་སྦུ་རྒྱལ། ༢༡་དབྱངས་ཅན་ལྷ་མོ། ༢༢་ཚེ་སྐྱབས་དབང་མོ། ༢༣་ཡེ་ཤེས་སྒྲོན་མ། ༢༤་དབྱངས་ཅན་དཔལ་མོ་བཅས་རེད།" ཅེས་ཁོང་གིས་མུ་མཐུད་གསུངས་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།