དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གསེར་རྟའི་ཨ་ཁྱ་ཚེ་སྐྱབས་ལགས་བཙོན་གྲོལ་ཐོབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༡༢ཉིན་སྤེལ། གསེར་རྟའི་ཡར་ལུང་ཡུལ་ཚོ་ཆོས་སྐོར་སྨད་མའི་ཨ་ཁྱ་ཚེ་སྐྱབས་ལགས་དུས་ཡིན་ལོ་ གཉིས་ཀྱི་དུས་བཀག་བཙོན་འཇུག་རྫོགས་སྟེ་རང་ཁྱིམ་ལ་བསྐྱལ་ཡོད་འདུག

གསེར་རྟའི་ཡར་ལུང་ཡུལ་ཚོ་ཆོས་སྐོར་སྨད་མའི་ཨ་ཁྱ་ཚེ་སྐྱབས་ཞུ་བ་བཙོན་གྲོལ་ཐོབ་འདུག ཁོང་གིས་སྤྱི་ལོ་༢༠༡༢ལོར་༼བོད་ན་གཞོན་དམར་ཤོག་རྒོལ་ལན་ཚོགས་པ།༽ཞེས་པའི་ཚོགས་མི་བྱས་ནས་ཆབ་སྲིད་དང་འབྲེལ་བའི་ཡིག་ཆ་འགྲེམ་སྤེལ་བྱས་པའི་ཉེས་མིང་འོག སྤྱི་ལོ་༢༠༡༢།༠༨།༡༣ཉིན་འཛིན་བཟུང་གིས་དུས་ཡིན་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་གི་དུས་ཚོད་རྫོགས་སྟེ་སྤྱི་ལོ་༢༠༡༤།༠༨།༡༢ཉིན་བཙོན་གྲོལ་ཐོབ་ནས་རང་ཁྱིམ་ལ་བསྐྱལ་ཡོད་འདུག   

ཁོང་ལ་རྒྱ་གཞུང་གིས་ཕྱིན་ཆད་ལོ་གཉིས་ཀྱི་རིང་ལ་གསེར་རྟ་རྫོང་མཁར་ལས་ས་གནས་གཞན་དུ་འགྲོ་མི་ཆོག་པ་དང་དེའི་རིང་ལ་ཆབ་སྲིད་ཀྱི་ཁེ་དབང་ཡོད་ཚད་མེད་པ་བཟོ་རྒྱུ་ཡིན་ཚུལ་དང་། ད་དུང་དེའི་རིང་ལ་ཁོའི་རྗེས་སུ་གསང་ཉུལ་བ་སོགས་ཀྱང་ནམ་ནམ་ཞར་ཞར་དུ་གཏོང་ཀྱི་ཡིན་པའི་སྐད་ཆ་ཡང་བཤད་འདུག 

མི་ལོ་གཉིས་ཀྱི་རིང་ལ་མི་ཉག་ར་ལྔ་རུ་བཙོན་ཁང་ཆེན་པོ་ཞིག་ཡོད་པ་དེའི་ནང་བཅུག་པའི་རིང་ལ་བཙོན་ཁང་ནང་དུ། ཟ་མ་མ་འཕྲོད་པ་དང་སྨན་བཅོས་ཀྱི་འཕྲོད་སྟེན་ཞན་པའི་དབང་གིས་མཁལ་མའི་ནང་དུ་རྡོ་སྲན་ཆགས་པ་དང་ཕོ་ཁ་མི་བདེ་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག

ཁོང་ཉིད་རང་ལོ་༣༦ཡིན་པ་དང་ཁོང་ལ་ད་ལྟ་བཟའ་མི་ལྔ་སྟེ་བུ་མོ་གཅིག་དང་བུ་གཅིག དེ་མིན་མིང་ལ་ཐོས་སྐྱིད་ཟེར་བའི་ཨ་མ་ལོ་༦༩ཡས་མས་ཞིག་དང་༼ཕ་ཆུང་དུས་ནས་འདས་ཚར༽ཆུང་མ་དང་བཅས་པའི་ཁྱིམ་ཚང་དེ་ད་ལྟ་གསེར་རྟ་རྫོང་མཁར་གྱི་ཉེ་འགྲམ་ན་ཡོད་པར་བརྗོད་འདུག 

སྤྱི་ཚེས་༡༢ཉིན་སྐར་མཛེས་ཁུལ་གྱི་ཉེན་རྟོགས་དམག་མིས་གསང་བའི་ཐོག་ནས་གསེར་རྟ་རྫོང་གི་ཉེན་རྟོགས་པ་ལ་རྩིས་སྤྲོད་བྱས་པ་དང་གསེར་རྟ་རྫོང་གི་ཉེན་རྟོགས་པས་ཐད་ཀར་དུ་རང་ཁྱིམ་ལ་བསྐྱལ་ཡོད་འདུག

ཕྱི་ཚེས་༡༣ཉིན་ཁོ་རང་གི་གཉེན་ཉེ་གཙོ་བོར་གྱུར་བའི་མི་མང་བོ་ཞིག་གིས་ཁོང་ཚང་གི་ར་སྐོར་ནང་དུ་རས་གུར་ཆེན་པོ་༣་ཕུབ་པ་དང་དེའི་ནང་དུ་ཁོང་ལ་ཆེ་བསྟོད་ཀྱིས་ཁ་ཏགས་འཐེན་པ་དང་༼གངས་བུ་ཁྱེད་ཕེབས་པར་དགའ་བསུ་ཞུ།༽ཞེས་པའི་སྦྱར་ཡིག་ཆེན་པོ་དག་རླངས་འཁོར་སོགས་ཀྱི་ངོས་སུ་སྦྱར་བ་དང་། གླུ་བྲོ་འཁྲབ་པ། དམངས་སྒོར་སོགས་འཚམས་རྟགས་སུ་ཕུལ་བའི་ལས་འགུལ་སྣ་ཚོགས་སྤེལ་འདུག

ཁོང་ཉིད་ད་ལྟ་ཕར་བསྟས་ཚོད་ལ་བཙོན་གྲོལ་ཐོབ་ནས་དགའ་དགའ་སྐྱིད་སྐྱིད་བྱེད་གིན་ཡོད་པ་ལྟ་བུར་སྣང་ཡང་དོན་དངོས་སུ་ཁོང་དང་ཁོང་གི་གཉེན་ཉེ་ཚོ་ད་དུང་དོགས་པ་དང་སྔངས་སྐྲགས་འབའ་ཞིག་གིས་དུས་ཚོད་བསྐྱལ་དགོས་པའི་གནས་སྟངས་འོག་ཡོད་པར་བརྗོད་འདུག་པའི་གནས་ཚུལ་བརྒྱུད་ལམ་ཁག་ན་འདུག

གསར་འགོད་པ། འཇིགས་མེད་ཚེ་རིང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།