choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བཅོས་མིན་གྱི་བོད་ལྗོངས་ཤིག་ངོ་སྤྲོད་བྱ་འདོད་བྱུང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༨།༡༤ཉིན་སྤེལ། ཧྥ་རིན་སེའི་དངོས་བྲིས་གློག་བརྙན་གྱི་འཁྲབ་ཁྲིད་པ་རིམཏསྨི་ཞུརཏཁུར་ལིས་ལགས་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སུ་ཞུགས་པ།

ཧྥ་རིན་སེའི་དངོས་བྲིས་གློག་བརྙན་གྱི་འཁྲབ་ཁྲིད་པ་རིམཏསྨི་ཞུརཏཁུར་ལིས་༼Jean·Michel Henri Gerard Carre༽ལགས་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སུ་ཞུགས་པའི་འཁྲབ་ཁྲིད་པ་རིམསྨུ་ཞུརཁུར་ལིས་ཡིས་གསར་འགོད་པར་འདི་ལྟར་གསུངས་འདུག ཁུར་ལིས་ནི་ད་ལོ་དགུང་ལོ་༦༦ལ་བུད་ཡོད། ཁོང་ནི་རྒྱལ་སྤྱིའི་ཐོག་མིང་གྲགས་ཡོད་པའི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན གང་ལགས་ཞེ་ན། ཁོང་གི་འཁྲབ་འཁྲིད་བྱས་པའི་གློག་བརྙན་ཕལ་མོ་ཆེའི་བརྗོད་བྱ་ནི་ཆབ་སྲིད་དང། སྤྱི་ཚོགས་ཀྱི་སྐོར་ཡིན་ལ་ཁོང་གིས་ཨུ་རུ་སུ་དང༌། ལྦུའུ་ཁུ་ལན། ལ་ཏིང་མེ་གླིང་དང་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་ཆབ་སྲིད་དང་སྤྱི་ཚོགས༌། འགོ་ཁྲིད་པ་སོགས་དང་འབྲེལ་བའི་དངོས་བྲིས་གློག་བརྙན་འཁྲབ་འཁྲིད་བྱས་ཡོད་པ་མ་ཟད་ཀྲུང་གོ་བརྗོད་བྱར་བྱས་པའི་དངོས་བྲིས་གློག་བརྙན་ལ། གསུང་ཀྲང་ཧྲན་གྱི་དམངས་གསུམ་རིང་ལུགས་དང༌། ཀྲུང་གོའི་མཚན་རིག་འཕེལ་རྒྱས་ཀྱི་ལྟ་བ། ཀྲུང་གོའི་འཆམ་མཐུན་སྤྱི་ཚོགས་འཛུགས་བསྐྲུན་སོགས་ཀྱི་དངོས་བྲིས་གློག་བརྙན་ཡང་འཁྲབ་འཁྲིད་བྱེད་མྱོང་ཡོད་འདུག དངོས་བྲིས་གློག་བརྙན་དེ་དག་གི་ཁྲོད་དུ་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་འགོ་ཁྲིད་པ་ཡོངས་ནི་དྲང་ཕྱོགས་མི་སྣ་ཁོ་ན་མ་ཡིན། དེར་བརྟེན་ཁོར་རྒྱལ་ཁབ་ལ་ལའི་རྒྱལ་ཁོངས་སུ་ཞུགས་མི་ཆོག་པའི་བཀག་སྡོམ་ཡང་ཡོད་པ་རེད་འདུག


ཁོང་གིས་གསུངས་དོན། བོད་དང་འབྲེལ་བའི་དངོས་བྲིས་གློག་བརྙན་ཞིག་འཁྲབ་ཁྲིད་བྱེད་པའི་འཆར་གཞི་ཡོད་ཟེར། རྒྱུ་མཚན་ནི་ང་ཚོའི་ཧྥ་རན་སེར་ཏཱ་ལའི་བླ་མ་ཁོ་ན་ལས་བོད་དང་འབྲེལ་བའི་གནས་ཚུལ་གང་ཡང་མི་ཤེས། སྙན་སྦྱོར་པའི་སྡེས་བོད་དང་འབྲེལ་བའི་གནས་ཚུལ་བསྒྲགས་པ་ནི་རྟག་ཏུ'རིག་གནས་རྩ་མེད«»་དང'གཉའ་གནོན'སྐོར་ཁོ་ན་ལས་མ་འདས། འདི་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། བདག་ནི་ཧྥ་རན་སེ་མི་དམངས་ཀྱིས་བོད་ལྗོངས་ལ་འདི་འདྲའི་ཆ་རྒྱུས་མེད་པ་ཞིག་ཏུ་བྱེད་པར་མི་འདོད"ཅེས་གསུངས། འཆར་གཞིའི་ཁྲོད་ཀྱི་བོད་འབྲེལ་དངོས་བྲིས་གློག་བརྙན་གྱི་དུས་ཚོད་ཀྱི་བརྒལ་ཐག་ཐད་དུ་ཁོང་གིས་ད་རུང་ཐག་གཅོད་ཡོངས་སུ་བྱས་མེད། ཡིན་ནའང་ཁོང་གི་བསམ་ཚུལ་ནི༡༩༤༠ལོའི་བོད་ལྗོངས་ནས་འགོ་བརྩམས་པར་འདོད་ཡོད། རྒྱུ་མཚན་ནི་ཁོང་གིས་མཐོང་བའི་དེ་རིང་གི་བོད་ལྗོངས་ནི་སྔོན་དཔག་ལས་ཆེས་ཆེར་མཛེས་ཤིང་ཡིད་དུ་འོང་པ་དང་བོད་ལྗོངས་ཀྱི་འཕེལ་རྒྱས་ནི་ཧ་ལས་དགོས་པ་ཞིག་ཡིན་པས། ཁོ་བོ་ནི་ཧྥ་རན་སེའི་མི་དམངས་ལ་བོད་ལྗོངས་ངོ་མ་ཞིག་ངོ་སྤྲོད་བྱེད་པར་འདོད་ཡོད།


ཁོང་གི་གསུངས་དོན། ཧྤ་རིན་སེའི་མི་མང་ཀྱིས་ཏཱ་ལའི་བླ་མ་ཁོ་ན་ལས་བོད་ལ་རྒྱུས་ལོན་བྱེད་པར་མོ་འདོད། བོད་ལྗོངས་ནི་དྭགས་གཙང་གི་ཞིང་ཁམས་ཞིག་རེད། བདག་གིས་གནས་འདི་་ནས་རིག་གནས་རྩ་མེད་དང་གཉའ་གནོན་ཟེར་བ་དེ་མཐོང་མ་བྱུང༌། ང་ནི་ཐེངས་དང་པོར་བོད་ལྗོངས་སུ་སླེབས་པ་ཡིན་ཉིན་གཉིས་རིང་ལྷ་ས་གྲོང་ཁྱེར་གྱི་སྲང་ལམ་མང་པོ་རྒྱུད་པ་ཡིན། མིག་ལམ་དུ་མཐོང་བ་ནི་གཤིས་རྒྱད་འཇམ་ཞིང་གདོང་ལ་འཛུམ་གྱིས་ཁེངས་པའི་བོད་མི་ཡིན་པ་དང༌། ལྷ་སས་ང་ལ་གནང་བའི་ཚོར་བ་ནི། ལྷད་མེད་དྭངས་གཙང་རེད།  དཔེར་ན་ང་རང་ཆ་མེད་རྒྱུད་མེད་གྱི་མི་ཞིག་ཡིན་ན་ཡང་ལྷ་སའི་སྲང་ལམ་དུ་འགྲོ་སྐབས་མི་རྣམས་ཕན་ཚུན་འཕྲད་དུས་འཛུམ་མདངས་དང་བཅས་མགོ་བོ་མགུར་ནས་ཁམས་དྲི་བའི་སྤྱོད་ཚུལ་དེས་སྣང་བ་སྐྱིད་པོ་ཞིག་སྦྱིན་བྱུང་ཟེར། ང་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་ནི། ལྷ་སའི་ལྷད་མེད་དྭངས་གཙང་དང༌། འཆམ་མཐུན། བོད་མིའི་ངང་རྒྱུད་འཇམ་པོ་དེ་ཡིན་ཟེར།

ཟླ་བ་ཕུར་བུ་ནས།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།