choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མདོ་སྨད་རེབ་གོང་གི་སྡེ་བ་གཉིས་བར་ས་རྩོད་བྱུང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༡༢ཉིན་སྤེལ། རེབ་གོང་རྫོང་ཁོངས་ཀྱི་ཀོའུ་སྡེ་རོང་དང་ཉ་ལུང་སྡེ་བ་གཉིས་བར་རྩྭ་ས་རྩོད་གླེང་བྱུང་སྟེ་མི་གཅིག་དམར་གསོད་བྱས་ཡོད་པ་དང་། གཞན་མང་པོ་ཞིག་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པས་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་དང་། རྨ་ལྷོ་ཁུལ་སྨན་ཁང་བཅས་སུ་སྨན་བཅོས་བྱེད་བཞིན་ཡོད་འདུག

ཕྱི་ཚེས་༡༡ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༢།༠༠ ཡས་མས་སུ། མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཁོངས་ཀྱི་ཀོའུ་སྡེ་རོང་དང་ཉ་ལུང་སྡེ་བ་གཉིས་བར་ཆུ་ཚོད་ ༨ ལྷག་རིང་དུ་རྩྭ་ས་རྩོད་གླེང་བྱུང་ཡོད་ཅིང་། དམག་མི་དང་ཉེན་རྟོག་པ། སྡེ་བ་གཞན་གྱི་མི་སོགས་བར་འདུམ་བྱེད་མཁན་གཅིག་ཀྱང་མ་བྱུང་བར། ཕན་ཚུན་བར་ལག་འཛིང་དང་རྡོ་འཛིང་། གྲི་འཛིང་སོགས་བྱས་ཏེ་སྡེ་གཉིས་ཆར་རྨས་སྐྱོན་མང་པོ་ཤོར་ཡོད་པ་དང་། སྡེ་བ་གང་གི་ཡིན་མིན་ཁ་གསལ་མེད་ཀྱང་བོད་མི་གཅིག་དམར་གསོད་བྱས་ཡོད་ཅིང་། གཞན་མང་པོ་ཞིག་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པས་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་དང་། རྨ་ལྷོ་ཁུལ་སྨན་ཁང་བཅས་སུ་སྨན་བཅོས་བྱེད་བཞིན་ཡོད་འདུག

གོང་འབྲེལ་གྱི་རྩོམ་ཞིག་བོད་ནང་གི་དྲ་ཚིགས་ཤིག་ལས་བཏུས་ཏེ་གཤམ་དུ་བཀོད་ཡོད།

བོད་ལ་ཁྲིམས་མེད་ལུགས་མེད་ཀྱི་གཤིས་ཀ་ཞིག་ཏན་ཏན་འདུག

རེབ་གོང་གི་རྩྭ་ས་རྩོད་གླེང་གི་གནད་དོན་ནས་འབྲེལ་ཡོད་ལས་བྱེད་པར་སྡིགས་དམོད་གཏོང་བ།
ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་༡༡ ཉིན་གྱི་དགོང་ཁར་ང་ལ་འཕྲིན་ཐུང་ཞིག་འབྱོར་བྱུང་། འཕྲིན་ཐུང་དེ་ནི་བསམ་དཀའ་བའི་གནས་ཚུལ་ཞིག་གི་དོན་དངོས་ཡིན་ཡང་། བོད་ལ་མཚོན་ན་ད་དུང་རྒྱུན་ལྡན་གྱི་སྤྱོད་སྟངས་ཤིག་ཏུ་བརྩིས་ཆོག་པས་བསམ་དཀའ་ཟེར་བ་ཡང་དོན་དངོས་མིན་སྲིད། ལྷག་པར་དུ་རྨ་ལྷོ་ཁུལ་རེབ་གོང་རྫོང་ལ་མཚོན་ན་རྒྱུན་ལྡན་རེད། འདས་ལོ་རེབ་གོང་བློན་ཆེ་དང་ཤ་སྦྲང་གཉིས་ཀྱི་རྩྭ་ས་རྩོད་གླེང་གིས་བོད་ཁམས་ཡོངས་སུ་གྲགས་འགུལ་བཟོས་ཤིང་། ད་ལོ་རྨ་ལྷོ་ཁུལ་རེབ་གོང་རྫོང་གི་ཀོའུ་སྡེ་དང་། ཉ་ལུང་ཞེས་པའི་སྡེ་གཉིས་ཀྱིས་རྩྭ་སའི་དོན་དུ་གྲི་འཛིང་བྱས་ཏེ་མང་པོ་རྨས་ཤིང་། གཅིག་བསད་འདུག ངས་གྲོགས་པོ་ཞིག་ལ་འཕྲིན་ཐུང་བཏང་ནས་རེབ་གོང་ལ་གནས་ཚུལ་དེ་འདྲ་ཞིག་བྱུང་འདུག་ཟེར་བ་བདེན་ནམ་ཞེས་དྲིས་པར་ཁོས་ཐོས་མི་འདུག གཅིག་བྱས་ན་འདི་ནི་རེབ་གོང་ལ་མཚོན་ན་དོ་སྣང་བྱེད་རན་མེད་པ་ཞིག་དང་། རྒྱུན་ལྡན་གྱི་སྤྱོད་སྟངས་ཤིག་ཡིན་པས་ཡིན་སྲིད། དེ་མིན་ཚེ་འཛམ་གླིང་གསར་འགྱུར་ཆེ་ཁག་ནས་སྒྲོག་ཆོག་པའི་མི་གསོད་ཀྱི་དོན་གནད་འདི་ཅིའི་ཕྱིར་མ་ཐོས་པ་རེད་དམ། ལྷག་པར་དུ་ཁོང་ནི་བདེ་གཟར་བྱུང་སའི་ཡུལ་ཚོ་གཅིག་གི་ཁྱིམ་མཚེས་སྡེ་བའི་རེད།

གནད་དོན་གཞན་ཞིག་ནི་སྡེ་འདི་གཉིས་ཀྱི་ནང་དུ་རྒྱལ་ཁབ་ཀྱི་ས་གནས་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་རྒྱུད་སྒྲོག་བྱས་པ་འདང་མེད་པ་མ་ཟད། གཞན་དག་ལའང་སྡེ་འདི་གཉིས་ནང་བཞིན་སྤྱི་དམངས་ཁྲིམས་སྲོལ་གྱི་ཤེས་བྱ་ཧ་ཅང་དམའ་མོ་ཡིན། ལོ་ངོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་དག་གིས་ཁུལ་དང་རྫོང་། གྲོང་བརྡལ་དང་ཤང་། སྡེ་བ་སོ་སོ་བཅས་སུ་ཁ་ཕྲལ་ལ་ངོ་རྒོལ་དང་། མི་རིགས་མཐུན་སྒྲིལ་གཏོར་བརླག་ལ་ངོ་རྒོལ། གཏོར་བཅོམ་འཕྲོག་གསུམ་ལ་ངོ་རྒོལ་སོགས་ཞེད་སྣང་ཚ་བོ་ཡིན་པའི་མིང་བརྡ་འདི་དག་གི་སྟེང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་དང་། སྲིད་ཇུས་རྒྱུད་སྒྲོག་བྱས་པ་ལས། སྤྱི་དམངས་ནང་ཁུལ་གྱི་བདེ་འཇགས་དང་ཁྲིམས་མཐུན་གྱི་ཁེ་དབང་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་དང་། སྡེ་བ་སོ་སོའི་རྩྭ་སའི་ས་མཚམས་ཀྱི་ཐད་ལ་ཐག་གཅོད་གསལ་བོ་ཅི་ཡང་བྱས་མེད་པ་རེད།

ཕྱོགས་གཞན་ཞིག་ནས་བཤད་ན་རྩྭ་སའི་མཚོན་པའི་གྱོད་སྣ་ཁ་མཆུ་ཡོང་བཞིན་པ་འདི་དག་གི་སྐབས་སུ་མི་དམངས་ཀྱིས་རང་གི་ཁེ་དབང་སྲུང་སྐྱོབ་ཀྱི་ཚད་མཐོ་བའི་ཐབས་ཤེས་ནི་གྲི་དང་མེ་མདའ་ལས་གཞན་ཅི་ཡང་དྲན་གྱི་མེད་པ་སུས་གནད་དོན་རེད་དམ། ངས་བསམ་ན་མི་དམངས་མང་ཚོགས་ལ་ཁག་མེད་པའི་གནས་སྟངས་གཅིག་ཡོད་པ་ནི་ཁོ་ཚོར་མཚོན་ན་ཁྲིམས་ལུགས་ནི་དགེ་སྡུག་གི་བླང་དོར་ལྟ་བུ་མ་ཡིན་པར་ཧ་ཅང་ལྐོག་གྱུར་དང་ཁག་པོ་ཡོད། དགེ་སྡུག་གི་བླང་དོར་ཕ་མ་ནས་རིམ་པར་བུ་ཕྲུག་ལ་བག་ཆགས་འཇོག་གི་ཡོད་པ་བཞིན་ཁྲིམས་ལུགས་ལ་དེ་བཞིན་བག་ཆགས་འཇོག་ཐུབ་མེད་ལ། ཕ་མ་དག་ལའང་ཁྲིམས་ལུགས་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད་སྲོལ་རྫོང་དང་ཤང་རིམ་པས་གོ་བསྐོན་བྱས་མྱོང་མེད། འདི་ནི་དངོས་གནས་འགན་མ་འཁུར་བའི་བྱ་སྤྱོད་ཚབས་ཆེན་རེད། རྫོང་རིམ་པའི་ལས་བྱེད་པ་དེ་དག་གྲོང་སྡེ་སོ་སོར་འགྲོ་དུས་ཁོ་ཚོས་ཆེས་ཐོག་མར་རང་གི་འདུག་གནས་གཏན་འཁེལ་དང་། དེ་ནས་ལུག་བཤའ་བ། ཆང་འཐུང་བ། རྒྱན་འཇོག་པ་སོགས་འགྲོ་སོང་ཅི་ཡང་མེད་པའི་སྤྲོ་སྐྱིད་ལ་ཅི་དགར་རོལ་རྗེས་ཕྱིར་ལོག་ཆོག་གི་རེད། སྤྲོ་སྐྱིད་འདིའི་རྗེས་ནས་ཡག་པོ་བྱུང་ན་སྡེ་བ་དེར་མུག་སྐྱོབ་དང་། བུན་གཡར་གྱི་ཁེ་ཕན་ཕྲན་བུ་རག་གི་ཡོད།

གང་ལྟར། ཀོའུ་སྡེ་དང་ཉ་ལུང་ཞེས་པའི་སྡེ་འདི་གཉིས་ཁ་སང་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་ནས་ལག་འཛིང་དང་། རྡོ་འཛིང་། གྲི་འཛིང་སོགས་བྱས་ནས་ཕྱི་དྲོ་ཆུ་ཚོད་ ༨ ཡས་མས་བར་འཐབ་འདུག་ཅིང་། ཆུ་ཚོད་བརྒྱད་རིང་གི་འཐབ་འཛིང་རིང་བར་འབྱེད་མཁན་ལྕང་ལུང་ཞེས་པའི་སྡེ་འདི་གཉིས་ཀྱི་ཉེ་འཁོར་སྡེ་བའི་དགོན་གྲོང་དང་། ཀོའུ་སྡེ་དང་ཉ་ལུང་གི་དགོན་པ་ལས་སུ་ཡང་བྱུང་མི་འདུག སྡེ་འདི་གཉིས་ནི་རྨ་ལྷོ་ཁུལ་ནས་ཕལ་ཆེར་རླངས་འཁོར་དུ་བསྡད་ནས་སོང་ཚེ་ཆུ་ཚོད་ཕྱེད་ཀ་དང་། རིང་ན་ཆུ་ཚོད་གཅིག་གི་མཚམས་སུ་ཡོད་ཀྱང་། ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་གཅིག་ཀྱང་སླེབས་མི་འདུག་པར་བཤད། ཆུ་ཚོད་བརྒྱད་ཀྱི་རིང་ལ་སླེབས་མ་ཐུབ་པ་འདི་ཅི་ཞིག་རེད་དམ། ཤང་སྲིད་གཞུང་གི་ཁྱབ་ཁོངས་འོག་གི་སྡེ་བ་དག་ལ་ཚེ་སྲོག་གི་གནད་དོན་ཅན་གྱི་དོན་རྐྱེན་འདིར་བལྟ་རྟོག་བྱེད་མི་དགོས་པ་ཅི་ཞིག་རེད་དམ། འདས་པའི་ལོ་ཤས་རིང་བོད་ཁུལ་གྱི་ཁུལ་དང་རྫོང་། ཐ་ན་ཤང་དང་སྡེ་བ་ཁ་ཤས་བཅས་སུ་མི་དམངས་ཀྱིས་སྐད་འབོད་ངོ་རྒོལ་དང་། སློབ་ཕྲུག་གིས་ངོ་རྒོལ། དགེ་རྒན་གྱིས་ངོ་རྒོལ་སོགས་བྱུང་དུས་དམག་དཔུང་རླངས་འཁོར་ཁ་ཤས་སྐད་ཅིག་དེ་ཉིད་དུ་ཐོན་ཐུབ་ཀྱི་ཡོད་ཀྱང་། ཁ་སང་གི་ཆུ་ཚོད་བརྒྱད་རིང་གི་བདེ་གཟར་དེ་ལ་མྱུར་མགྱོགས་ཀྱི་དམག་དཔུང་སླེབས་ཐུབ་མེད་ལ་མི་མང་དག་ཅིག་སྨན་ཁང་དུ་བསྐྱལ་བ་དང་། གཅེས་སུ་འོས་པའི་ཚེ་སྲོག་གཅིག་གིས་དུས་གཏན་དུ་གྱེས་ཕྱག་ཕུལ་ཏེ་བཞུད་འདུག

ཡིན་ཡང་། སྤྱི་དམངས་དམངས་ཚོགས་ཀྱིས་ད་དུང་རང་ཉིད་ལ་ཁྲིམས་ལུགས་ཀྱིས་ཇི་ལྟར་སྲུང་སྐྱོབ་དང་། ཉེས་ཆད་གཅོད་རྒྱུ་ཡིན་པ་ཤེས་མེད་ལ། མུ་མཐུད་དུ་ལག་འཛིང་དང་རྡོ་འཛིང་། གྲི་འཛིང་གིས་ལ་རྒྱ་རྩོད་དགོས་པའི་སེམས་ཁམས་ཤིག་འཁྱེར་ཡོད་སྲིད། ངས་བསམ་ན་མཚོ་སྔོན་ཞིང་ཆེན་གྱི་ཁོངས་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་དམངས་མང་ཚོགས་ལ་ཁྲིམས་ལུགས་ཤེས་བྱ་རྒྱུད་སྒྲོག་བྱས་པ་ནི་སྔོན་ཐོན་རེད་འདུག་པས། དེ་ནི་མིག་དཔེར་འོས་པ་ཞིག་རེད་ཀྱང་། རྨ་ལྷོ་ཁུལ་ལྟ་བུའི་སྲིད་གཞུང་གི་ལས་འགན་གཡོ་སྲོལ་གྱིས་སྒྲུབ་པར་མཁས་པའི་དཔོན་ངན་དག་གིས་སྣང་མེད་གཏོང་བཞིན་པའི་གནད་དོན་འདི་ཤེས་ཡོན་པ་རྣམས་སྡེ་བ་སོ་སོར་སོང་ནས་མཚན་མོའི་སློབ་གྲྭའི་ཚུལ་དུ་གསབ་སྦྱོང་སྤྲད་རྒྱུ་ནི་ཧ་ཅང་ལེགས་པོ་ཡིན་མོད། དཔོན་ངན་དག་གིས་རང་གི་ཁ་ཕོར་འཕྲོག་གི་ཡོད་པ་བཞིན་དེ་ཡང་ལམ་ལྷོང་ཡོང་དཀའ་རྒྱུ་རེད་ཨང་། དེ་ནི་དུས་རབས་འདི་འདྲ་ཞིག་དང་། སྤྱི་ཚོགས་འདི་འདྲ་ཞིག་གི་སྐབས་སུ་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྣང་ངོར་བོད་སྔར་བཞིན་ཁྲིམས་མེད་ལུགས་མེད་ཀྱིས་བསྡད་ཚེ་རྒྱུ་མཚན་མེད་པར་རེབ་གོང་ཚར་རྒྱུ་རེད་ལ་བོད་ཀྱང་ཚར་རྒྱུ་རེད།
༢༠༡༤།༨།༡༢ ཉིན་གུང་སྐྱོ་སྣང་དང་བཅས་ཟིན་ཐོར་བཀོད།

གཞན་ཡང་དྲ་ཐོག་ཏུ་འདི་ལྟར་བྲིས་པ་ཞིག་གཤམ་གསལ།

༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་བཟོད་གསོལ་ཞུ། 

ཉ་ལུང་དོར་ཉིན་རི་མགོའི་ར་ལུག་རེད།།  སྔོ་རྩ་ཟ་རྒྱུ་མ་གཏོགས་མི་ཤེས་ཀྱང།། བོད་ལ་ཞབས་འདྲེན་བཞག་ན་ངར་ནོ་ལྟོས།།  རུ་སྡེའི་མྱི་ཁས་དམོད་དམོ་བྱེད་ནོ་ལྟོས།། གློའུ་སྡེ་ཀོའུ་སྡེ་རོང་འདི་ཐེའུ་རང་འདྲ།།  སྒོར་མོ་མཐོང་དུས་མི་གཞི་བརླག་འཇོག་གི། ཡོན་ཏན་ཤིག་ཙམ་མེད་ནོ་བདེན་ནའང།།  ཞབས་འདྲེན་འདི་འདྲ་བྱས་ནོ་བླ་སྒུལ་རེད།། ཟོག་དང་ར་ལུག་ལས་བཙོག་སྡེ་བ་ཚོ།།  ཟོག་གི་མཉམ་དུ་ཟོག་བཞིན་མི་འདུག་པར།། བོད་ཀྱི་དབུ་འཕང་སྨད་དོན་ཅི་ཞིག་ཡིན།།  རེབ་གོང་ལ་རྒྱ་ཆུ་ལ་གཡུག་དོན་ཅི།། རང་སྡེ་དྲོན་མོ་ཁྱི་སྐེར་འདོགས་དོན་ཅི།།  ད་དུང་འདི་འདྲའི་ནང་དམེ་བྱེད་སྲིད་ན།། བོད་ཀྱི་ལྷ་སྲུང་གཉེན་པོ་དམ་ལྡན་ཚོས།།  སྐད་ཅིག་ཉིད་ལ་ཞབས་འདྲེན་འདི་རིགས་ལ།། དྲག་པོའི་ཆད་པ་མྱུར་དུ་གཅོད་དགོས་སོ།།  བོད་མི་ཡོངས་དང་རེབ་གོང་སེར་སྐྱ་ཚོས།། བླ་སྒུལ་འདི་ཚོར་ཉེས་ཆད་དྲག་པོ་ཆོད།།  ལས་དང་རྒྱུ་འབྲས་མི་རིགས་ལ་རྒྱ་ཡིས།། ཁྱི་སྡེ་འདི་ཚོ་བཀའ་ཆད་ད་ཕོབ་ཅིག།  སྡེ་བ་འདི་ཚོ་གནའ་ནས་དེ་རིང་བར།། ཕྱི་ལ་དཔའ་ཞིང་ནང་ལ་བྱམས་པ་དང།།  ཡོན་ཏན་ལྡན་པ་གཅིག་ཀྱང་བྱུང་མེད་པས།། རང་གཞན་ངོ་རྟགས་མི་ཆོད་ཞབས་འདྲེན་ཚོ།།  ས་སྟེང་འདི་ན་མེད་ན་དགའ་བ་ལ།། བོད་ཀྱི་རིགས་ལ་མིན་ན་དེ་བས་དགའ།།  བྱ་ངན་ནང་དམེ་བྱས་པའི་གཏམ་ངན་འདི།། གང་ས་གང་ལ་ཁྱབ་ནས་འགྲོ་ནའང།།  བོད་ཀྱི་ཡུལ་ནས་བོད་མི་ཉམས་ཆུང་ངས།། ཐམས་ཅད་མཁྱེན་པ་གངས་རིའི་མགོན་པོ་ལ།།  སྙིང་ཁོངས་རུས་པའི་གཏིང་ནས་དགོངས་དྭངས་ཞུ།། གངས་ཅན་བོད་མི་རྣམས་ལ་བཟོད་གསོལ་ཞུ།།
2014/8/12ཉིན་བོད་རེབ་གོང་ནས་ཕུལ། 

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།