དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མཚོ་ནུབ་ཐེམ་ཆེན་རྫོང་ཁུལ་དུ་རྒྱ་མིས་གཏེར་ཁ་སྔོག་འདོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༡༡ཉིན་སྤེལ། བོད་མཚོ་ནུབ་ཁུལ་དུ་རྒྱ་གཞུང་གིས་རྡོ་སོལ་གྱི་གཏེར་ཁ་ཚོད་མེད་བསྔོག་འདོན་ བྱས་དང་བྱེད་བཞིན་པར་བརྟེན་ཁུལ་དེའི་ཁོར་ཡུག་འབག་བཙོག་བཟོ་བ་དང་གཏན་སྡོད་ བོད་མིའི་འཚོ་བར་གནོད་སྐྱོན་ཆེན་པོ་ཐེབས་པ་མ་ཟད། ཁོང་རྣམ་པའི་ཕྱུགས་ཟོག་གི་རྩ་ཁ་བཅས་ལ་གཏོར་སྐྱོན་ཚད་མེད་བཏང་དང་གཏོང་བཞིན་ ཡོད་པའི་གནས་ཚུལ་ཐོན་འདུག

བོད་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་མུ་རུ་གྲོང་བརྡལ་ནི་དང་བོར་རྩྭ་བཅུད་བཟང་བའི་མཐོ་སྒང་གི་རྩྭ་ར་ཞིག་ཡིན། ཡིན་ནའང་ལོ་མང་བོའི་རིང་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་ཚོད་མེད་བྱས་པར་བརྟེན། རྩྭ་ཐང་ཆེན་པོ་འདིར་རྨ་ཁ་ཆེན་པོ་བཟོས་ཤིང་གང་སར་རྡོ་སོལ་གྱི་གཏེར་ཁུང་དང་རྡོ་ཡིས་ཁེངས་བ་དེས་ཆུ་རྒྱུན་མང་པོའི་མགོ་ཁུངས་ལ་སྦགས་བཙོག་གི་བཟོས་ཡོད་པ་དང༌། ད་ལྟའི་ཁུལ་དེའི་རྩྭ་ཤིང་གི་གཞུང་ལམ་ནག་པོ་ཆགས་ཡོད་པ་མ་ཟད། ཟོག་ལུག་གི་ལུས་པོ་ཡང་ནག་པོ་ཆགས་ཡོད་པར་བརྟེན་ས་གནས་དེའི་ཡུལ་མི་འབྲོག་པ་སེམས་ཚབ་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

༢༠༡༤ལོའི་ཟླ༧པའི་ཚེས་༢༩ཉིན་གྱི་པར་ནང་དུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་མུ་རུ་གྲོང་བརྡལ་ཏེ། རྡོ་སོལ་གྱི་གཏེར་ཁ་རྔོག་འདོན་བྱས་རྗེས་ཀྱི་ས་དོང་ཆེན་པོ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ་གྱིས་མཐོ་སྒང་གི་རྩྭ་ར་ཆེན་པོ་དེ་ཉེན་ཁའི་ནང་ལྷུངས་ཡོད་པ་དང༌། ས་ཆ་འདིར་ཁོར་ཡུག་སྦགས་བཙོག་ཆགས་བཞིན་པར་ཆ་རྒྱུས་བྱུང་བ་ནི་རྡོ་སོལ་སྔོག་འདོན་དང་སྐྱེལ་འདྲེན་བྱེད་པ་དེའི་རྐྱེན་ཡིན་པ་རེད། ལོ་ངོ་བཅུ་ལྷག་གི་རིང་ལ། མི་གྲངས་ཁྲིར་ཉེ་བའི་ལས་ཀ་བ་དང་ཕྱིའི་ཚོང་འབྲེལ་བས་མཐོ་སྒང་གི་ཞིང་ཁམས་འདིར་ཁུ་སིམ་མར་གནས་བའི་གྲོང་བརྡལ་འདི་ཉིད་མཚོ་སྔོན་ཞིང་ཆེན་གྱི་རྡོ་སོལ་གྱི་རྟེན་གཞི་གཙོ་བོར་གྱུར་དུ་བཅུག

གནས་ཚུལ་འཁོད་སྤྲོད་བས་བཏང་གནང་བའི་པར་རིས་ཁག་ལ་དང་པོར་འགྲེལ་བཤད་འདི་འདྲ་ཞིག་བརྒྱབས་འདུག ༼མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ། མཐིང་མདོག་གི་གནམ་མཁའི་འོག་གི་མཐོ་སྒང་གི་རྩྭ་ར་ཕྱུག་མོ། རྒྱང་རིང་དེ་ནི་བརྐོ་བཞིན་པའི་རྡོ་སོལ་གྱི་གཏེར་ཁ་རེད། ཅེས་འཁོད་འདུག

༢༠༡༤ལོའི་ཟླ་༣པར་བཀྲམ་པའི་པར་《མཚོ་སྔོན་ཞིང་ཆེན་གྱི་གཙོ་རྟེན་ནུས་པའི་ས་ཁུལ་གྱི་འཆར་འགོད》ཟེར་བས་ས་ཁུལ་འདིའི་སྐྱེ་ཁམས་ནུས་པར་འདི་ལྟར་དཔྱད་པ་བཏང་བ་ཞིག་ཡིན་པ་རེད། དེ་ཡང་ཆི་ལན་རི་བོའི་འཁྱགས་ཀླུང་དང་ཆུ་ཁུངས་གསོ་བའི་སྐྱེ་ཁམས་ནུས་པ་ནི་ཀྲུང་གོའི་གསོག་འཇོག་བྱས་པ་ཆེས་བཟང་བའི་དྲོ་གྲང་རྒྱུད་ཀྱི་རི་ཁུལ་ཐད་འཕྱང་ནགས་ཚལ་ཡིན་ཚུལ་བཤད་ཡོད་པ་རེད། རྩྭ་ཐང་གི་སྐྱེ་ཁམས་མ་ལག་གིས་མཚོ་སྔོན་གྱི་ཤར་ཕྱོགས་ཁུལ་དང༌། ཀན་སུའུ་ཡི་རྨ་ནུབ་དོག་ལམ་དང་ནང་སོག་རང་སྐྱོང་ལྗོངས་ནུབ་ཁུལ་གྱི་སྔོ་ལྗང་གི་ས་ཆ་བཅས་ཡིན་པ་རེད།

ཡང་པར་རིས་གཞན་ཞིག་འགྲེལ་བྱང་དུ་བཀོད་གསལ། ༼མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ། རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཞིག་རྩྭ་ཐང་ནས་བརྒྱུད་སོང་བ་དང༌། ཐག་རིང་གི་གཏེར་ཁའི་བར་སྣང་ན་ཐལ་རྡུལ་ལྷོག་ལྷོག་འཁྲུག གཏེར་ཁའི་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བས་བཟོས་པའི་ཆུ་རྙོག་དང་ཐལ་རྡུལ། འཛེར་སྒྲ་དང་གད་སྙིགས་སོགས་ཀྱིས་ས་ཁུལ་དེའི་འབྲོག་པ་རྣམས་ཀྱི་འཚོ་བར་གཏོར་བརླག་དང་གནོད་པ་ཚབས་ཆེན་བཟོས་ཡོད།༽ཅེས་གསལ་འདུག

ད་དུང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་སྤྱང་ཚང་གཏེར་ཁ་འབོར་ཆེན་བསྡོག་འདོན་བྱེད་བཞིན་ཡོད་པ་རེད། པར་རིས་ཤིག་གི་ནང་དུ་ལུག་ཁྱུས་རྩྭ་ལ་རོལ་བ་དང༌། རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཞིག་ས་རྡུལ་གྱི་སྨུག་པའི་ཁྲོད་ན་བཞུད་བཞིན་པར་བརྟེན་འབྲོག་པའི་འཚོ་རྟེན་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱིན་ཡོད་པར་མཚོན་ཐུབ།  ཟླ་8པའི་ཟླ་འགོའི་སྤྱང་ཚང་ཆུ་ཀླུང་འདི་ནི་མཚོ་ནུབ་ཁུལ་གྱི་ཐེམ་ཆེན་རྫོང་དང་མཚོ་བྱང་ཁུལ་གྱི་རྐང་ཚ་རྫོང་གཉིས་ཀྱི་འབྲོག་པ་རྣམས་ཀྱི་རྩྭ་ས་རེད།

༢༠༡༤ལོའི་ཟླ་༧པའི་ཚེས་༢༩ཉིན་བརྒྱབ་པའི་པར་ཞིག་གི་ནང་དུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ་གྱི་གཏེར་ཁ་བསྔོག་སའི་ཕྱོགས་གཅིག་སྟེ། སྤྱང་ཚང་གཏེར་ཁའི་ཕྱི་རོལ་དུ་མཐོ་ས་ནས་བལྟས་ན་སྔོག་འདོན་བྱས་རྗེས་ཀྱི་ཟབ་ཚད་སྨི་བརྒྱ་ལ་མཉམ་པའི་ནག་ཁུང་ཆེན་པོ་དག་མཐོང་ཐུབ་པ་དང༌། དེའི་ཉེ་འགྲམ་དུ་རི་བོ་ལྟར་ཕུང་ཆེ་བའི་རྡོ་སོལ་གྱི་སྙིགས་རོས་འཁེངས་ཡོད་པ་རེད། རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཆེན་པོ་དེ་དག་གི་འགྲོ་འོང་མཚམས་ནས་མཐོ་སྒང་འདིའི་སྔོ་ལྗང་གི་ཚེ་སྲོག་ཀྱང་འཆི་བའི་ལམ་དུ་འདྲེན་བཞིན་མཐོང་གིན་འདུག ཅེས་གནས་ཚུལ་དུ་གསལ་འདུག

བར་མཚམས་མེད་པར་རྡོ་སོལ་གྱི་རྙིགས་རོ་དག་རྩྭ་སར་སྤུངས་བར་བརྟེན་རྩྭ་སའི་སྔོ་ཁེབས་ཚབས་ཆེན་པོ་རྣམས་རྡིབ་བཞིན་པའི་སྣང་ཚུལ་མང་བ། མུ་མཐུད་ཀྱི་སྔོག་འདོན་གྱིས་ས་ངོས་རིམ་པའི་འོག་གི་འཁྱགས་སའི་རིམ་པར་ཡང་གཏོར་བརླགས་བཟོས་པ། ས་ཁུལ་ཡོངས་ཀྱི་ཆུ་ཁུངས་གསོ་བ་དང་སྐྱེ་ཁམས་ནུས་པར་ཤུགས་རྐྱེན་ཚབས་ཆེན་བཟོས་དང་བཟོ་བཞིན་པ། སྟེང་ཁེབས་མེད་པའི་གཏེར་ཁ་སྔོག་འདོན་གྱིས་རྩྭ་སའི་སྔོ་ཁེབས་དང་འཁྱགས་ས་རིམ་པར་བཟོས་པ་བཅས་ལ་བརྟེན་གཏོར་བརླགས་དང་རྩ་མེད་གཏོང་བའི་རང་བཞིན་དུ་གྱུར་འདུག ཅེས་གསལ་འདུག

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ་དུ་རྒྱ་གཞུང་གིས་ཁྱོན་ཆེན་པོའི་གཏེར་ཁ་སྔོག་འདོན་བྱས་པར་བརྟེན། ཕྱུགས་ཟོག་གིས་སྦགས་བཙོག་ཟིན་པའི་རྩྭ་ཆུར་མི་བརྟེན་ཐབས་མེད་དུ་གྱུར་ཡོད་ཅིང༌། འབྲོག་པ་ཞིག་གིས་རྩྭ་རྒྱུ་ཇེ་ཞན་དུ་སོང་བའི་རྒྱུ་མཚན་ཡོངས་རྫོགས་རྒྱ་གཞུང་གིས་སྤྱང་ཚང་དུ་གཏེར་ཁ་སྔོག་འདོན་གྱི་རྐྱེན་ཡིན་ལུགས་གསུངས་དོན། "དབྱར་དུས་སུ་རླུང་དེ་འདྲའི་ཆེན་པོ་མེད་པ་དང༌། གཏེར་ཁ་ནས་ཐོན་པའི་ཐལ་རྡུལ་ནི་དེ་འདྲའི་མང་པོ་མེད། དགུན་དུས་སུ་འགད་རྫས་ཀྱིས་གཏེར་ཁ་བཀས་གཏོར་བྱས་རྗེས། དེ་ནི་བརྗོད་ཐབས་བྲལ་བ་ཞིག་རེད། རྩྭ་ཡོངས་རྫོགས་ནག་པོར་བཟོས་སོང༌། ཅེས་འགྲེལ།

ཡང་མུ་རུ་གྲོང་བརྡལ་ཕྱུགས་སོག་རྣམས་ནས་རྩྭ་ཐང་སྟེང་དུ་རྩྭ་ཟ་བཞིན་ཡོད་པ་མཐོང་ཐུབ་པ་དང་རྒྱང་རིང་དུ་རྡོ་སོལ་གྱི་སྙིགས་རོ་རི་བོའི་གཏོས་དང་མཉམ་པ་སྤུངས་ཡོད་པ་ཡང་མཉམ་དུ་མཐོང་ཐུབ། ཁུལ་དེའི་ལོ་༥༨ལ་བུད་པའི་འབྲོག་པ་ཞིག་གིས་ཕྱིར་དྲན་གནང་ནས་འདི་ལྟར།  "ཆུང་དུས་སུ་མུ་རུ་གྲོང་བརྡལ་དུ་གཞུང་ལམ་ཡག་པོ་ཞིག་ཀྱང་མེད་པ་དང༌། མི་རྣམས་རྟ་ལ་ཞོན་ཏེ་ན་འདམ་གྱིས་ཁེངས་པའི་ཐང་ཆེན་བརྒལ་དགོས། ཡིན་ནའང༌། ད་ལྟ་རྩྭ་ནི་ནག་པོ་རེད། ལམ་ནི་ནག་པོ་རེད། ཕྱུགས་ཟོག་གི་ལུས་པོ་ཡོངས་རྫོགས་ཀྱང་ནག་པོ་རེད། " ཅེས་གསུངས།

བོད་མིའི་འབྲོག་པ་ཞིག་གིས། "ཁོ་ཚོས་གཏེར་ཁ་སྔོག་འདོན་བྱས་པས། རྩྭ་སར་གནོད་པ་ཆེ་བ་ནི་སྨྲ་མི་དགོས། རྩྭ་ཐང་ཡོངས་སུ་ཐལ་རྡུལ་གྱིས་གཡོགས་པ་དང༌། ནོར་ལུག་གིས་ཟས་རྗེས་གནོད་པ་ཡོད་པ་ནི་ཚང་མས་ཤེས་གསལ་རེད" ཅེས་གསུངས།

འོན་ཀྱང་ཉེ་དུས་ནས་རྡོ་སོལ་གྱི་གཏེར་ཁའི་ཐོན་སྐྱེད་ཚད་དམའ་རུ་ཕྱིན་པ་དང་ལས་རིགས་ཀྱི་ཉམས་རྒུད་དང་སྦྲགས། གཏེར་ཁར་འགྲོ་འོང་བྱེད་པའི་སྐྱེལ་འདྲེན་རླངས་འཁོར་ཡང་ཇེ་ཉུང་དུ་ཕྱིན་ནའང༌། ལོ་སྟོད་ལ་གཏེར་ཁར་འགྲོ་འོང་བྱེད་པའི་རླངས་འཁོར་ནི་ཉིན་རེར་སྟོང་ལ་ཉེ་བ་ཡོད་ལུགས་ཐེམ་ཆེན་རྫོང་གི་འབྲེལ་ཡོད་ཡུལ་མི་ཚོས་བཤད་འདུག

གནས་ཚུལ་འཁོད་སྤྲོད་པས་མུ་མཐུད་འཁོད་དོན། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ་གྱི་མུ་རུའི་རྡོ་སོལ་གྱི་གཏེར་ཁ་ནི་ད་ལྟ་སྔོག་འདོན་བྱེད་བཞིན་པའི་སྤྱང་ཚང་དང༌། བཅོས་བསྒྱུར་ཁུལ་ཟེར་བ་དང་གསར་སྤེལ་ཁུལ་ཟེར་བར་གཏོགས་པའི་གཞུ་རིའི་ཁུལ། རྡོ་སོལ་གོང་མ་བཅས་ཁུལ་བཞི་བཅས་ཡིན་པ་རེད། གཏེར་ཁའི་རྡོ་སོལ་ཐོན་ཁུངས་ཀྱི་ཚད་ནི་ཏུན་དུང་ཕྱུར་༣༥ཡོད་པ་དང༌། མཚོ་སྔོན་ས་ཆའི་རྡོ་སོལ་གྱི་ཐོན་ཁུངས་ཡོངས་ཀྱི་བརྒྱ་ཆའི་༨༧།༣ཟིན་གྱིན་ཡོད་འདུག

ད་ལྟ་སྔོག་འདོན་བྱེད་བཞིན་པའི་གཏེར་ཁ་གཉིས་ལས་གཞན་མུ་རུའི་རྡོ་སོལ་གཏེར་ཁའི་ཁོངས་སུ། རྒྱ་གཞུང་གིས་འཆར་འགོད་བྱེད་བཞིན་པ་དང་གསར་སྤེལ་བྱེད་རྒྱུའི་གཞུ་རི་ཟེར་བ། རྡོ་སོལ་གོང་མ་སྟེ་མ་གཞིར་ཞིང་ཆེན་རིམ་པའི་མཚོ་སྔོན་ཞིང་ཆེན་ཆི་ལན་རི་བོའི་རང་བྱུང་བདག་སྐྱོང་ས་ཁུལ་ཟེར་བར་གཏོགས་པའི་ས་ཁུལ་དེ་ནི། ལོ་སྔོན་མར་རྒྱ་གཞུང་གིས་ཐོན་པའི་ཡིག་ཆ་ཞིག་ཏུ་བདག་སྐྱོང་ས་ཁུལ་གྱི་ས་རྒྱ་ཆུང་དུ་བཏང༌། འཆར་འགོད་བྱེད་བཞིན་པའི་གཏེར་ཁ་ནི་སྲུང་སྐྱོབ་ཁུལ་གྱི་ཕྱི་ལ་ཕུད། དེ་ལྟར་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་བྱེད་པའི་འགག་བར་ཆད་གཙང་སེལ་བྱས་ཡོད་པས་རྒྱ་གཞུང་གིས་ཁོར་ཡུག་སྐྱོབ་བྱེད་ཀྱིན་མེད་པ་གསལ་ཁ་བཏོན་ཡོད་པ་རེད།

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ་དུ་མཐའ་བཞིའི་རྩྭ་ས་ཡོངས་སྦགས་བཙོག་བཟོས་ཟིན་ཡོད་པ། ལོ་འགའི་སྔོན་དུ་མུ་རུ་སློབ་ཆུང་ཐེམ་ཆེན་རྫོང་གི་མི་རིགས་སློབ་ཆུང་དང་བསྡེབས་པ་ནས་བཟུང༌། ཁྱིམ་བདག་མང་པོས་ཁྱིམ་བཟའ་མི་གང་བོ་གྲོང་ཁྱེར་དུ་སྤོར་བཅུག་ཡོད་པ་དང༌། མ་གཞིར་མི་གྲངས་སྟོང་ལས་མ་བརྒལ་བའི་གྲོང་བརྡལ་ཆུང་ཆུང་འདི་གནས་སྤོར་གྱི་བཙན་བཀའ་འོག་བོད་ཀྱི་གྲོང་ཚོ་ཞིག་སྟོང་བའི་ཉེན་ཁར་སླེབས་ཡོད་པ་བཅས།།

དབྱངས་ཅན་སྒྲོལ་མ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།