choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བོད་གཙང་ཁུལ་སྙེ་མོ་རྫོང་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༡༡ཉིན་སྤེལ།  ཕྱི་ཚེས་༡༠ཉིན་བོད་ནས་གནས་ཚུལ་ཐོན་གསལ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་གཙང་ཁུལ་སྙེ་མོ་རྫོང་གི་གཞུང་ལམ་ཞིག་ཏུ། སྤྱི་སྤྱོད་རླངས་འཁོར་ཞིག་བརྡབ་སྐྱོན་བྱུང་སྟེ་ཡུལ་སྐོར་བ་མི་༤༤རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་༡༡རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

ཡང་ཁུལ་དེའི་ཡུལ་སྐོར་ལས་ཁང་གིས་བརྗོད་དོན་ལྟར་ན། སྤྱི་སྤྱོད་རླངས་འཁོར་དེའི་ནང་ཡུལ་སྐོར་བ་མི་༥༠ཙམ་ཡོད་པ་དང་གཟའ་སྤེན་པའི་ཉིན་གུང་གཞུང་ལམ་ཐོག་རླངས་འཁོར་གཞན་གདོང་ག་བརྒྱབས་ནས་མཐོ་ཚད་ཕི་ཊི་༣༠བྱས་པའི་གཞུང་ལམ་འོག་ལྷུངས་ཡོད་ཚུལ་དང་། ཡང་དེ་གའི་ས་གནས་མི་མང་གིས་རླངས་འཁོར་དེ་གཉིས་གདོང་ཐུགས་བརྒྱབ་སའི་གནས་དེ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྤྱི་ལེ་༦༠ཙམ་ཡོད་པར་བརྗོད་འདུག

རྨས་སྐྱོན་ཕོག་པའི་མི་རྣམས་ལྷ་སའི་སྨན་ཁང་ཞིག་ལ་བསྐྱལ་ཡོད་ཚུལ་དང་། དེ་དག་ཕལ་ཆེ་བ་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་ཤ་སྟག་ཡིན་ཞིང་། ད་ལྟའི་ཆར་ཤི་སྐྱོན་བྱུང་བའི་ཡུལ་སྐོར་བ་རྣམས་གང་ནས་ཡིན་མིན་གྱི་གནས་ཚུལ་ལ་གསལ་བོ་ཆགས་མེད་བ་རེད།

ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།