choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཁམས་ནང་ཆེན་རྫོང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞི་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༠༨ཉིན་སྤེལ། ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གི་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་ངང་གཙང་ གསུམ་ཁོར་ཡུག་དང་ཕ་ཡུལ་གྱི་གཏེར་ཁ་སྲུང་སྐྱོབ་བྱེད་པའི་གདུང་འབོད་འདུ་ འཛོམས་ཞེས་བའི་འཕྲེད་དར་འཕྱར་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་འདུག

ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༥ ཉིན་རྒྱ་ནག་གི་གཏེར་འདོན་ཁེ་ལས་ཚན་པས་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གི་ས་ཁུལ་ཁག་གཅིག་ནས་རྡོ་སོལ་གྱི་གཏེར་ཁ་སྔོག་འཆར་ལ་བོད་མི་ཚོས་གོ་གཞུང་གཡས་གཡོན་སུམ་མདོ་ལ་འབྱོར་བའི་རྒྱ་ནག་གི་འབྲེལ་ཡོད་མི་སྣའི་མདུན་དུ་འདོད་པ་མེད་པའི་ཞུ་འབོད་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ཚེས་ ༦ ཉིན་བོད་མི་ཚང་མ་མཉམ་དུ་སྡོམ་པ་ཡུལ་ཤོག་གི་གོ་གཞུང་སུམ་མདོར་འཛོམས་ཏེ། བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་ངང་གཙང་གསུམ་ཁོར་ཡུག་དང་ཕ་ཡུལ་གྱི་གཏེར་ཁ་སྲུང་སྐྱོབ་བྱེད་པའི་གདུང་འབོད་འདུ་འཛོམས་ཞེས་བའི་འཕྲེད་དར་རིང་པོ་ཞིག་འཕྱར་བ་དང་མཉམ་ཁོང་ཚོས་མ་གྲོས་སེམས་པ་གཅིག་མཐུན་གྱིས་རྒྱ་ནག་གི་ཕྱི་ལ་སྒྲོག་བཞིན་པའི་གཙང་གསུམ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་ལག་བསྟར་དང་། ཕ་ཡུལ་གྱི་གཏེར་ཁ་མཐའ་གཅིག་ཏུ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུའི་ཆོད་སེམས་གཅིག་མཐུན་བྱུང་ཡོད་
འདུག

ཕྱི་ཚེས་ ༤ ཉིན་ནང་ཆེན་སྡོམ་པ་ཡུལ་ཤོག་གི་འགོ་ཁྲིད་ཀུན་འཕྲིན་གྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་། རྒྱ་ནག་གི་གཏེར་ལས་སྔོག་འདོན་ཚན་པའི་འབྲེལ་ཡོད་མི་སྣ་བཅས་སྡོམ་པ་ཡུལ་ཤོག་ཁོངས་རྡོ་སོལ་གྱི་གཏེར་ཁ་ཡོད་ས་གོ་གཞུང་ས་གནས་ལ་འབྱོར་བ་དང་། ཕྱི་ཚེས ༥ ཉིན་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཙོས་ཆེས་མཐོའི་དབུ་ཁྲིད་རྣམ་པས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། གང་བྱུང་གཏེར་སྔོག་བཀག་འགོག་ཆེད་གསུངས་པའི་ནང་དོན་རྣམས་འཕྲེད་དར་ཐོག་བྲིས་ནས། ཆུ་ཚོད་ཁ་ཤས་རིང་འཕྲེད་དར་བསྒྲེངས་ཏེ་ཞུ་འབོད་ངོ་རྒོལ་བྱས་ཡོད་པ་དང་། ས་གནས་བོད་མི་མང་པོ་འཛོམས་པ་སོགས་ཛ་དྲག་གི་གནས་ཚུལ་འབྱུང་ཉེན་ལ་བརྟེན། ཁོ་པ་ཚོས་ས་གནས་བོད་མིའི་བསམ་འཆར་ཁག་གོང་རིམ་ལ་ཞུ་རྒྱུ་ཡིན་ཚུལ་བཤད་ནས་ལས་འགུལ་མཚམས་འཇོག་བྱེད་དུ་བཅུག་ཡོད་འདུག་པའི་གནས་ཚུལ་ཞིག་བརྒྱུད་ལམ་ཁག་ཏུ་འགྲོ་བཞིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།