choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལོ་རྒྱུས་ལྡན་པའི་ཕོད་མདོ་གྲོང་ཚོ་གཏོར་བཤིག་ཐེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་༨ཚེས་༦ཉིན་སྤེལ། བོད་མིའི་ཆོས་རིག་གི་ལོ་རྒྱུས་ལྡན་པའི་འཕན་པོ་ལྷུན་གྲུབ་ཁུལ་གྱི་ཕོད་མདོ་གྲོང་ཚོ་དེ་ཉིད་རྒྱ་ནག་གཞུང་གིས་༢༠༠༠ལོ་ནས་གཏེར་ཁ་བསྔོག་འདོན་དང་ཆུ་རགས་བརྒྱབ་པ་བཅས་ལ་བརྟེན་ནས་ད་ལྟ་ཤུལ་མེད་དུ་གྱུར་ཟིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དེ་ཡང་འདི་ག་གནས་ཚུལ་འབྱོར་གསལ་ལ་གཞིགས་ན། རྒྱ་གཞུང་གིས་༢༠༠༠ལོ་ནས་གཏེར་ཁ་བསྔོག་འདོན་བྱེད་འགོ་བརྩམས་ཡོད་ཅིང་། ༢༠༠༩ལོར་གྲོང་ཚོ་དེའི་ཡུལ་མི་རྣམས་ཁུལ་དེ་ནས་གནས་སྤོ་བྱེད་དགོས་པའི་བཙན་བཀའ་བཏང་བར་བརྟེན་ཡུལ་མི་ཚོས་རྒྱ་གཞུང་གི་གཏེར་ཁ་བསྔོག་འདོན་གྱི་ལས་འཆར་དེར་མི་འདོད་པའི་རྣམ་འགྱུར་བསྟན་ནས་ངོ་རྒོལ་བྱས་ཡོད་པ་རེད། དེ་རྗེས་ངོ་རྒོལ་སྣེ་ཁྲིད་གནང་མཁན་བོད་མི་དྲུག་འཛིན་བཟུང་གིས་ཕྱིས་སུ་ཆབ་སྲིད་ཀྱི་ནག་ཉེས་འདྲ་མིན་གཡོགས་ནས་དུས་ཡུན་རིང་ཐུང་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ལྷག་པར་དུ་བོད་མིའི་ཆོས་རིག་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད་པའི་ཕོད་མདོའི་གྲོང་ཚོ་དེ་ད་ཆ་རྩ་མེད་དུ་ཕྱིན་ཡོད་པ་མ་ཟད། ཁུལ་དེར་བོད་ཀྱི་བཙན་པོའི་སྐབས་ནས་བཞེངས་པའི་བོན་དགོན་༼ཕོད་མདོ་བདུད་འདུལ་གཙུག་ལག་ཁང་༽ཞེས་པ་དང་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བཞེངས་པའི་ལྕགས་ཟམ་གཉིས་པ་སྟེ་ཕོད་མདོའི་ལྕགས་ཟམ་ཞེས་པ་རྒྱ་གཞུང་གིས་གཏེར་ཁ་བསྔོག་འདོན་དང་ཆུ་རགས་བརྒྱབ་པའི་རྐྱེན་བྱས་ནས་ཤུལ་མེད་དུ་བཏང་ཡོད་པ་རེད། དེ་ཙམ་དུ་མ་ཟད་རྒྱ་གཞུང་གི་ལས་འཆར་དེ་ལ་བརྟེན་ནས་ལྷ་སའི་སྐྱིད་ཆུ་ལ་གནོན་ཤུགས་ཐེབས་ཀྱིན་ཡོད་པ་སྟེ་ད་ལྟ་རྒྱ་མིས་ཆུ་རགས་བརྒྱབ་ས་དེ་ལྷ་སའི་སྐྱིད་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཆགས་ཡོད་པས་རེད། ཅེས་སོགས་འབྲེལ་ཡོད་མི་སྣས་ནས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་སོང་།

ཕོད་མདོའི་གྲོང་ཚོ་ལོ་རྒྱུས་གནད་བསྡུས།

ཕོད་མདོ་ཞེས་པའི་ལུང་པའི་མིང་དེ་མ་བྱུང་བའི་སྔོན་དུ་དབུ་རུ་བྱང་ཕྱོགས་ཞེས་འབོད་ཀྱི་ཡོད་འདུག སྔོན་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་རྒྱལ་བ་བཀའ་གདམས་པའི་གདན་ས་ཐོག་མ་ར་སྒྲེང་དགོན་པ་ཕྱགས་བཏབས་སའི་ས་ཆ་དབུ་རུ་བྱང་ཕྱོགས་ཞེས་པ་དེ་ཞང་ཁྲང་ཁ་བན་ཆུང་༼ཁོང་ནི་ཆོས་རྒྱལ་གོང་མ་རྣམས་ཀྱི་བླུན་པོ་ཞང་གི་རྒྱུད་པ་ཡིན་པར་གྲགས།༽གིས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་ཕུལ་ནས་ཁོང་རང་ཉིད་རྒྱལ་བ་སྟོན་པས་ལུང་བསྟན་གནང་བ་བཞིན་ཆུ་གསུམ་མཉམ་དུ་འཁེལ་སའི་མདོ་སྟེ་ཕོད་མདོ་རུ་གནས་སྤོས་གནང་འདུག

ཉེ་སྔོན་ཕོད་མདོ་ཆགས་སའི་གཡོན་ངོས་ཀྱི་བྲག་སྟེང་ཐོག་ཞང་ཁྲང་ཁ་བན་ཆུང་གི་བཞེངས་བསྐྲུན་བྱས་པའི་རྫོང་མཁར་གོག་ཧྲུལ་རྣམས་ད་ལྟའི་ཆར་མཐོང་རྒྱུ་ཡོད་པ་མ་ཟད། གནས་སྤོས་བྱས་པའི་རྗེས་ལ་ཁོང་གིས་གནས་འདི་ལ་༼ཕོད་མདོ་བདུད་འདུལ་གཙུག་ལག་ཁང་༽ཞེས་པའི་བན་ཆུང་ལྷ་ཁང་ཞིག་བཞེངས་པ་དེའི་ལོ་རྒྱུས་དེབ་ཐེར་ཆོས་འབྱུང་ཁག་ནང་མཐོང་རྒྱུ་ཡོད་ལ་ད་ལྟའི་རྒན་རབས་ཁག་གི་ངག་རྒྱུན་དུ་ཡང་བརྗོད་རྒྱུ་ཡོད་འདུག ཕྱིས་སུ་སོག་པོ་ཇུན་གར་བས་དམག་འཁྲུགས་སྐབས་ལྷ་ཁང་དེ་གཏོར་ཤིག་ཕྱིན་ཡོད་པ་རེད། འོན་ཀྱང་དེའི་ཤུལ་དུ་འཆམ་ར་དང་དུད་ཁྲོད། ལྷ་ཁང་ཆུང་བ་ཞིག་དང་། དགོན་པའི་གྱང་གོག་སོགས་ཡོད་པ་རེད།

དེང་འདིར་རྩོམ་པ་པོ་དང་། སྙན་ངག་པ། གཞས་པ་གཞས་མ་བཅས་ཀྱི་ངག་ནས་ལྷང་ལྷང་དུ་གྲགས་པའི་ལྷ་སའི་སྐྱིད་ཆུ་ཞེས་པའི་མིང་བྱུང་ཚུལ་ཡང་འདི་ལྟར་ཏེ་ཕོད་མདོའི་བྱང་ངོས་སུ་ར་སྒྲེང་དང་ཤར་ངོས་སུ་སྐྱིད་ཤོད་ལུང་པ་ཆགས་ཡོད་པས་ར་སྒྲེང་གཙང་པོ་དང་ཐང་ལྷའི་ལྷ་ཆུ་གཉིས་ཕོད་མདོའི་མཚམས་ནས་མཉམ་དུ་སྦྲེལ་ཏེ་སྐྱིད་ཤོད་ལུང་པ་བརྒྱུད་ལྷ་སའི་ཕྱོགས་སུ་རྒྱུག་གིན་ཡོད་པས་ལྷ་སའི་སྐྱིད་ཆུ་ཞེས་འབོད་ཀྱི་ཡོད་པ་འདི་ལྟར་གྲགས།

དམངས་ཁྲོད་དུ། རྭ་སྒྲེང་ཁུ་བྱུག་མཆོད་པ། མཇལ་འདོད་བློ་ལ་ཡོད་ཀྱང་། ཕོད་མདོའི་ལྕགས་ཀྱི་ཟམ་པ། དམྱལ་བའི་ཕྲང་ལས་དོག་པ། ཞེས་པ་དེ་ནི་རབ་བྱུང་བཅུ་དྲུག་པའི་ནང་སྙན་པའི་བ་དན་ཕྱོགས་བཅུར་ཁྱབ་པའི་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བོད་ཡུལ་དུ་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ཆུ་ཀླུང་ཆེན་པོར་གྲགས་པ་རྣམས་སུ་ལྕགས་ཟམ་གྱི་དྲ་བ་བསྡོམས་ན་ལྔ་བཅུ་ང་བརྒྱད་གསར་འཛུགས་གནང་བས་ཐོག་མ་དེ་ལྷ་སའི་སྐྱིད་ཆུར་གསར་འཛུགས་གནང་བ་དང་དེ་རྗེས་ཕོད་མདོའི་ལྷ་ཆུར་གསར་འཛུགས་གནང་བ་གྲགས། ལྕགས་ཟམ་དེའི་ལྕགས་ཀྱི་རྒྱུ་ཆ་མཁྲེགས་ལ་ལྕགས་ཐག་རྐང་རེ་རེའི་རིང་ཚད་ལ་གྲུ་གང་དང་སྦོམ་ཚད་ལ་གཞོན་པའི་ལག་ངར་ཙམ་ཡོད་པ་མ་ཟད། ལོ་མང་རིང་ཆར་རླུང་ཕྲོད་གནས་ན་ཡང་ལྕགས་མདོག་ལ་འགྱུར་ཐེབས་མ་ཐུབ་པའི་ནུས་པ་ལྡན་ཡོད་པ་རེད། ལོ་རབས་བདུན་ཅུ་པའི་ནང་རྒྱ་ནག་གཞུང་གིས་ཨར་འདམ་ལས་གྲུབ་པའི་ཟམ་པ་ཞིག་གསར་དུ་བརྒྱབ་ནས་ལྕགས་ཟམ་དེའི་ཐོག་ཕར་འགྲོ་ཚུར་འོང་བྱེད་ཆེད་མཚམས་འཇོགས་བྱས་པ་བརྟེན་རྗེས་དྲན་གྱི་ཚུལ་དུ་རླུང་རྟའི་དར་ལྕོགས་ཀྱིས་སྤུངས་ནས་ཚེས་བཟང་དུས་བཟང་སྐབས་ཡུལ་མི་རྣམས་ཀྱིས་བསངས་གསོལ་བྱེད་ཀྱིན་ཡོད་པ་རེད།

གསར་འགོད་པ་ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།