choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་བརྒྱད་ལ་དུས་བཀག་བཙོན་འཇུག་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༠༦ཉིན་སྤེལ། སྡེ་དགེ་རྫོང་གཉན་སྒོར་ཤང་རེག་པ་གྲོང་ཚོ་ནས་ཡིན་པའི་བཀྲིས་ཞུ་བའི་ན་གཞོན་ ཞིག་ནས་ངོ་རྒོལ་སླད་འབར་རྫས་བཞག་སྟེ་ཉེན་རྟོག་པའི་ལས་ཁུངས་དེ་འབར་གཏོར་བྱས་ རྗེས་ཁོང་རང་ཉིད་ཀྱང་འབར་གཏོར་ཁྲོད་འདས་གྲོངས་སོང་བའི་གནས་ཚུལ་ཐོན་ཡོད་འདུག

འདི་གར་གནས་ཚུལ་འབྱོར་ལྟར། སྡེ་དགེ་རྫོང་ཁོངས་གཉན་སྒོར་ཤང་རེག་པ་གྲོང་ཚོ་དང་ཝ་པ་གྲོང་ཚོའི་དབར་དུ་ཉེན་རྟོག་པའི་ལས་ཁུངས་ཤིག་གསར་འཛུགས་བྱས་ཡོད་འདུག་པ་དེར་ས་གནས་མི་མང་གིས་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་ཆེ་ཐོན་ཡོད་འདུག་ཅིང་། ཕྱི་ལོ་ ༢༠༡༢ ཟླ་ ༢ པའི་ཚེས་ ༢༤ སྔ་དྲོ་སྡེ་དགེ་རྫོང་གཉན་སྒོར་ཤང་རེག་པ་གྲོང་ཚོ་ནས་ཡིན་པའི་བཀྲིས་ཞུ་བའི་ན་གཞོན་ཞིག་ནས་ངོ་རྒོལ་སླད་འབར་རྫས་བཞག་སྟེ་ཉེན་རྟོག་པའི་ལས་ཁུངས་དེ་འབར་གཏོར་བྱས་རྗེས་ཁོང་རང་ཉིད་ཀྱང་འབར་གཏོར་ཁྲོད་འདས་གྲོངས་སོང་བའི་གནས་ཚུལ་ཐོན་ཡོད་འདུག

བཀྲིས་ལགས་འདས་གྲོངས་སུ་མ་གྱུར་བའི་ཉིན་རེ་གཉིས་སྔོན་ངོ་ཤེས་ཁག་གཅིག་ལ་དེང་སྐབས་ས་གནས་སུ་རྒྱ་ནག་གཞུང་གིས་ཉེན་རྟོག་ལས་ཁུངས་གང་བྱུང་བརྒྱབ་པ་མ་ཟད། ཁོང་ཚོས་དྲག་རྩུབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གྱི་འདུག་པས་ངས་དེ་དག་རྩ་མེད་བཟོས་ཏེ་རང་ཉིད་རང་ལུས་མེར་སྲེག་བཏང་སྟེ་རང་སྲོག་བློས་གཏོང་བྱ་རྒྱུ་ཡིན་ཅེས་བཤད་མྱོང་ཡོད་འདུག་པ་དང་། ཁོང་འབར་གས་ཁྲོད་འདས་གྲོངས་སུ་གྱུར་བ་དང་ཁོང་གི་བཞོན་པའི་སྦག་སྦག་སྟེང་སྣུམ་འཁུར་རྒྱུ་ཡོད་པ་སོགས་ལ་བརྟེན་ཁོང་གི་གྲོང་ཚོ་གཅིག་པའི་མི་བརྒྱད་ལ་ཁོང་གི་ལས་འགུལ་དང་འབྲེལ་བ་ཡོད་པར་བསྙད་དེ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཁོང་རྣམས་ལ་དུས་ཡུན་ལོ་ ༩ ནས ༣ བར་གྱི་ཁྲིམས་ཐག་བཅད་དེ་ད་ཆ་མི་ཉག་ཁུལ་གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
བཙོན་བཅུག་ཁྲིམས་ཐག་བཅད་པའི་མི་གྲངས་བརྒྱད་པོ་ནི།
༡༽ ཡེ་ཤེས། རང་ལོ་ ༣༦ དུས་བཀག་བཙོན་འཇུག་ལོ་ ༩  ༢༽ འཇིགས་དགའ། དུས་བཀག་བཙོན་འཇུག་ལོ་ ༤  ༣༽ པདྨ་ནོར་བུ། དུས་བཀག་བཙོན་འཇུགལོ་ ༥  ༤༽ ཚེ་རིང་ཕུན་ཚོགས། དུས་བཀག་བཙོན་འཇུག་ལོ་ ༣  ༥༽ བུ་རྒོད། རང་ལོ་ ༤༩ དུས་བཀག་བཙོན་འཇུག་ལོ་ ༣  ༦༽ དགེ་འདུན། དུས་བཀག་བཙོན་འཇུག་ལོ་ ༣ ༧༽ ལྷ་བསམ། དུས་བཀག་བཙོན་འཇུག་ལོ་ ༣ ༨༽ བསོད་མགོན། དུས་བཀག་བཙོན་འཇུག་ལོ་ ༣

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།