choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འཕན་པོ་ལྷུན་གྲུབ་རྫོང་གི་བོད་མི་༦བཙོན་འཇུག་བྱས་ཡོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༠༡ཉིན་སྤེལ། འཕན་པོ་ལྷུན་འགྲུབ་རྫོང་དུ་༢༠༠༠ནས་རྒྱ་མིས་གཏེར་ཁ་བསྔོག་འདོན་བྱེད་པར་ཁུལ་དེའི་མི་མང་གིས་ངོ་རྒོལ་བྱས་པར་བརྟེན་རྒྱ་གཞུང་གིས་༢༠༠༨ལོར་བོད་མི་༦འཛིན་བཟུང་གིས་དུས་ཡུན་འདྲ་མིན་གྱིས་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

ལྷ་སའི་ཉེ་འཁོར་འཕན་པོ་ལྷུན་གྲུབ་རྫོང་གི་ཕོད་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་ དེ་ནི་དོན་དངོས་ཐོག་རྒྱ་ནག་གཞུང་གིས་རང་བྱུང་འཁོར་ཡུག་ལ་གནོད་ཚེ་བཟོ་བྱེད་ཀྱི་གཏེར་ཁ་བསྔོགས་འདོན་གྱི་ལས་གྲྭ་ཆེན་པོ་ཞིག་རེད།

ལྷ་སའི་ཉེ་འཁོར་འཕན་པོ་ལྷུན་གྲུབ་རྫོང་གི་ཕོད་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་ནི་སྤྱི་ལོ་༢༠༠༠ལོ་ནས་བཟུང་དངོས་སུ་འགོ་འཛུགས་བྱས་ཡོད་ཅིང་དེ་ནི་ར་སྒྲེང་གཙང་པོ་དང་ཕོད་མདོའི་ལྷ་ཆུ་གཉིས་གཅིག་ཏུ་འདྲེས་པའི་ཆུ་དེ་ཕོད་མདོ་གྲོང་ཚོའི་ས་གནས་ཀྱི་རྒྱ་བོ་གདོང་ཟེར་བའི་རི་འགག་དེའི་མཚམས་སུ་བཀག་བསྐྱིད་བྱས་པ་ཞིག་རེད།

༢༠༠༣དང་༤ཡས་མས་སུ་ས་གནས་དེར་རྒྱ་མིའི་ལས་དཔོན་དག་གིས་ཀྲུང་དབྱང་གི་བཀའ་ཡིན་ཟེར་ནས་ས་བདག་གྲོང་མི་རྣམས་ཚོགས་འདུར་བསྡུས་ཏེ་མ་དངུལ་དུང་ཕྱུར་༤༥།༦༩བཏང་བའི་ལས་གྲྭ་དེར་སུས་འགོག་རྐྱེན་བཟོས་ཡོང་ན་ཆབ་སྲིད་ཀྱི་ནག་ཉེས་ཡིན་ཟེར་ནས་མི་མང་ལ་བཙན་བཀའ་བཏང་འདུག

དེ་བཞིན་ཞིང་ཁ་དང་། རྩྭ་ར། གཙང་པོ། རི་འདབས་བཅས་གང་སར་འབར་གས་གཏོར་ནས་འབར་གས་དེའི་ནུས་ཤུགས་ཀྱིས་སྡོད་ཁྱིམ་ལ་སེར་ཁ་རྒྱུགས་པ་དང་སྒེའུ་ཁུང་ལྷུང་བ། ས་ཞིང་བེད་མེད་དུ་འགྲོ་བ། གཙང་ཆུའི་ནང་ཉྭ་མང་པོ་ཤི་རྨས་བྱུང་བ་བཅས་ཀྱིས་རང་བྱུང་ཁོར་ཡུག་ལ་གནོད་ཚེ་ཚབ་ཆེན་དང་ས་གནས་དེ་གའི་མི་མང་རྣམས་ལ་དཀའ་ངལ་ཚད་མེད་བཟོས་ཡོད་པ་རེད།
ཤིང་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འཁོལ་དོན། སྤྱི་ཚེས་༣༠ཉིན་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་ཟླ་བ་བཀྲ་ཤིས་ཀྱིས་གསར་འགོད་པར།  སྤྱིའི་མ་དངུལ་སྒོར་དུང་ཕྱུར་༤༥།༦༩བཏང་བའི་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭའི་མཐའ་མཇུག་གི་གློག་འདོན་འཕྲུལ་འཁོར་ཚན་པ་གཅིག་པུ་དེ་ཆུ་ཚོད་༧༢་རིང་ཚོད་ལྟའི་འཁོར་སྐྱོད་བྱས་པ་བརྒྱུད་ཉིན་འགའི་གོང་དངོས་སུ་དྲ་སྦྲེལ་བྱས་ནས་གློག་འདོན་ཐུབ་པས་ཕོ་མདོ་ཆུ་བེད་ལྟེ་བའི་ལས་གྲྭའི་འཕྲུལ་འཁོར་བཞི་ཚང་མ་སྤྱོད་འགོ་ཚུགས་ཏེ་གློག་འདོན་ཐུབ་ཡོད་ཟེར།

༢༠༠༨ལོའི་རྗེས་ས་གནས་དེ་གར་གནས་པའི་ཁྱིམ་ཚང་རེར་ནང་མི་མང་ཤོས་༡༢་དང་ཉུང་ཤོས་ལ་བཞི་ཡོད་པའི་དུད་ཁྱིམ་བརྒྱ་ལྷག་རྒྱ་ནག་དམར་ཤོག་གི་བཙན་དབང་འོག་ཕྱིར་འབུད་བཏང་སྟེ་ལྷ་སའི་ཉེ་འཁོར་གྱི་གང་སར་གནས་སྤོར་བྱས་ཡོད་རེད། ད་ལྟའི་ཆར་གྲོང་ཚོ་དེའི་སྡོད་གནས་སུ་ཆུ་ཡིས་ཁེངས་ཡོད་པ་མ་ཟད། ས་གནས་དེ་གའི་རླངས་འཁོར་ཁ་ལོ་བ་མི་དྲུག་ལ་༼ཆོས་དབྱིངས་འོད་ཟེར། པདྨ་རྒྱལ་པོ། ཀུན་དགའ། ངག་དབང་ཡེ་ཤེས། པདྨ། སྤེན་པ་རྒྱལ་པོ།༽ཆབ་སྲིད་ནག་ཉེས་ཐོག་མ་ཉེས་ཁ་གཡོགས་བྱས་ཏེ་ལོ་བརྒྱད་དང་བཅུ་གཅིག བཅུ་གཉིས་བཅས་ཀྱི་བཙོན་འཇུག་དང་ཁོང་ཚོ་ནི་བཟའ་མི་བུ་ཕྲུག་ཤ་སྟག་ཡོད་མཁན་ཡིན་པར་རྟེན་ཕྲུ་གུ་སློབ་གྲྭར་འགྲོ་རྒྱུ་དང་རྒན་འཁོག་ལ་བལྟ་སྐྱོང་བྱེད་རྒྱུར་དཀའ་ལས་ཁག་པོ་བཟོས་ཡོད་པ་བཅས།།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།