choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རུང་རྒྱས་ཨ་གྲགས་བཙོན་དུ་ལོ་བདུན་འགོར་བའི་ཉིན་མོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༠༡ཉིན་སྤེལ། དེ་རིང་ནི་རྒྱལ་གཅེས་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ལ་རྒྱ་ནག་གིས་རྒྱལ་ཁབ་འགོ་ སྟེང་སློག་པའི་ཉེས་མིང་འོག་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ནས་ ལོ་བདུན་འཁོར་བའི་ཉིན་མོ་བརྗེད་མི་སྲིད་པ་དེ་རེད།

རོང་རྒྱས་ཨ་གྲགས་ཀྱི་ཚ་བོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཉིན་མོ་འདི་དང་བསྟུན་ཏེ་བསྒྲགས་གཏམ་སྤེལ་ཡོད་པའི་ནང་། ༢༠༡༣ ཟླ་ ༨ ཚེས་ ༡ ཉིན་དེར་ཁོང་གིས་ཨ་མའི་མངལ་ལས་སྐྱེས་ནས་ཉིན་གཅིག་ལས་མ་སོང་བའི་གཅེས་པའི་བུ་མོ་ཆུང་ཆུང་དང་། བརྩེ་བའི་བཟའ་ཟླ་རྣམ་གཉིས་རྫོང་སྨན་ཁང་དུ་བཞག་ཅིང། ཕྱི་ནང་གི་མི་མང་ཁྲི་ཚོ་བརྒལ་བའི་འདུས་གནས་ལི་ཐང་བརྒྱད་གཅིག་རྟ་རྒྱུགས་ཀྱི་སྡིངས་ཆའི་ཐོག་ཏུ་བུད་དེ། མདོ་འཛིན་པའི་ལག་ནས་རྒྱང་བསྒྲགས་ཁ་པར་བླངས་ནས་ “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་བཅུག་(འཇུག)དགོས་’’ “པཎ་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་ལེགས་ཀྱི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་” “ང་ཚོ་བོད་ལ་རང་དབང་དགོས” རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་བོད་ཀྱི་ནང་སྙིང་ལྟར་བུ་ཡིན། བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་དྲིལ་དགོས་ཞེས་ཁམས་ལི་ཐང་གི་ཁ་སྐད་ལྡན་པའི་འབོད་སྒྲ་དེར་རྒྱ་གཞུང་གིས་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་ལ་ངོས་འཛིན་གྱིས་བཙོན་འཇུག་བྱས་པ་རེད།

དེ་མིན་གཞན་༢༠༡༤ལའི་ཟླ་༠༦ཞིག་ལ་ནང་མི་དག་མེན་ཡཱང་བཙོན་ཁང་དུ་ཁོ་རང་ལ་ཐུག་ཕྲད་དུ་སོང་དུས་བཙོན་ཁང་ནང་གི་བོད་རིགས་དང་མི་རིགས་གཞན་དབར་མི་རིགས་དབྱེ་འབྱེད་ཡོད་པའི་རྒྱུ་མཚན་གྱིས་ཉི་མ་༣༣རིང་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག་པ་ཅེས་བརྗོད་སོང་།

དབུས་བོད་མིའི་སྒྲིག་འཛུགས་དྲ་བའི་ནང་དུ། གནས་ཚུལ་འདི་རྒྱལ་སྤྱིའི་གསར་ལམ་གྲགས་ཅན་BBCགཙོས་ཕྱི་ནང་གི་བརྒྱུད་ལམ་ཁག་ནང་ཤུགས་ཆེ་ཐོན་ཏེ་བོད་དོན་དྲིལ་བསྒྲགས་ཀྱི་རྦ་རླབས་སླར་ཡང་རྒྱལ་སྤྱིའི་མིག་ལམ་ཏུ་འཕྱུར་བ་མ་ཟད། རྒྱལ་སྤྱིའི་གྲགས་ཅན་མི་སྣ་ཁག་གི་རྒྱབ་སྐྱོར་དང་དོ་སྣང་ཡང་ཤུགས་ཆེ་སླེབས་ཏེ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེལ་སིན་པོལ་སི་མཆོག་རྒྱ་ནག་གི་སྲིད་འཛིན་ཧུའུ་དང་མཇལ་འཕྲད་གནང་སྐབས། རུང་རྒྱས་ཨ་གྲགས་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་གི་མཚན་བྱང་ཧུའུ་ལ་དངོས་སུ་སྤྲད་དེ་ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་དགོས་པའི་རྒྱལ་སྤྱིའི་གནོན་ཤུགས་ཤུགས་ཆེ་སྤྲད་ཡོད།

རྒྱལ་གཅེས་ཕུལ་བྱུང་དཔའ་བོ་ཁོང་ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡ ཉིན་འཛིན་བཟུང་བཙོན་བཀག་བྱས་རྗེས བཙོན་མནར་ཚད་མེད་བཏང་བས་སྐུ་གཟུགས་གནས་སྟང་ཧ་ཅན་སྐྱོ་བོ་ཆགས་ཡོད་པ་དང་མིག་གི་ཡང་ཡག་པོ་མི་མཐོང་བར་གྱུར་འདུག བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ལ་རིམ་བཞིན་ཞི་རྒོལ་གྱི་རྦ་རླབས་རྩེར་སོན་ཏེ། བོད་མི་འབུམ་ཁྲག་མང་པོས་རང་སྲོག་ཁྲ་མོ་རྒྱ་མདའི་སོ་ཁར་གཏད་དེ་བོད་མི་རིགས་ཀྱི་དོན་དུ་ཞི་བའི་ལས་འགུལ་སྣ་ཚོགས་སྤེལ་ཡོད་ལ། དམིགས་བསལ་གསལ་པོ་མཁྱེན་རྟོགས་བྱུང་བ་བོད་མི་ ༡༢༠ ཡིས་རང་ལུས་མཆོད་མེར་ཕུལ་བའི་རླབས་ཆེན་གྱི་ལས་འགུལ་སྤེལ་བ་དང་བོད་མི་ཁྲི་ཚོ་མང་པོ་འཛིན་བཟུང་བཀག་ཉར་འོག་མནར་གཅོད་ཚད་མེད་མྱངས་བཞིན་པ་བོད་ཆོལ་གསུམ་ཁྱོན་ཡོངས་སུ་དྲག་པོས་དམག་གིས་དོ་དམ་འོག་གཞིས་ལུས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་ཚད་མེད་མྱོང་བཞིན་ཡོད་ན། དྲང་བདེན་དང་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་ཚོགས་སྡེ། དཔོན་རིགས་དང་གང་ཟག་སྒེར་བཅས་ཚང་མས་རྒྱལ་གཅེས་ཕུལ་བྱུང་དཔའ་བོ་རུང་རྒྱས་ཨ་གྲགས་གཙོས་བདེནཔའི་ཆེད་རང་ཉིད་བློས་བཏང་གནང་བའི་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་བདེན་རྒྱབ་དཔུང་རོགས་ཡོང་བའི་རེ་སྐུལ་ཞུ་ནན་ཆེ་བཞིན་ཡོད་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།