choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མདོ་སྨད་དར་ལག་རྫོང་དུ་བོད་མི་ ༤༠ ལྷག་འཛིན་བཟུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤/༠༧/༣༡ཉིན་སྤེལ། དམག་འབོར་མང་དུ་བཏང་སྟེ་བོད་མི་ ༤༠ ལྷག་གཅར་རྡུང་འཛིན་བཟུང་བྱས་ཡོད་པ་དང་། འདས་པོའི་ནང་མི་ཉེ་འབྲེལ་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་འདུག

གནས་ཚུལ་ལག་སོན་ལྟར་ན། འདིའི་ཟླ་ཚེས་ ༢༣ ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་སྐྱོང་ཁུལ་དར་ལག་རྫོང་གི་བོད་མི་བསོད་བྷེ་ཞུ་བ་ཞིག་ལ། རྒྱ་རིགས་ཞིག་གི་རླངས་འཁོར་གྱིས་བརྒྱབ་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག

ས་གནས་ཉེན་རྟོག་པས་འདུམ་སྒྲིག་བྱས་འོག་རྒྱ་རིགས་དེར་མི་བསད་པའི་གྱོད་དོན་ཐད་རྒྱ་སྒོར་ཁྲི་ ༤༠ ཡི་སྟོང་རྒྱབ་ནས་གནད་དོན་ཐག་གཅོད་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། འདས་པོའི་ནང་མི་ཉེ་འབྲེལ་ཚོ་ཉེན་རྟོག་ཁང་ནས་ཕྱིར་རང་ཁྱིམ་དུ་ལོག་རྗེས། རྒྱ་རིགས་ཁ་ལོ་བས་དེ་སྔོན་གྱི་ཐག་གཅོད་ལ་ཁས་ལེན་མ་བྱས་པར་མི་གསོད་གྱོད་དོན་ལ་རྒྱ་སྒོར་ཁྲི་ ༥ འཇལ་རྒྱུ་དང་། སྒོར་མོ་དེ་ཡང་འདས་པོའི་བྱིས་པའི་ལོ་ ༡༨ བར་གྱི་འཚོ་སྣོན་ཡིན་ཚུལ་བཤད་ཡོད་པར་མ་ཟད། ཉེན་རྟོག་པས་ཀྱང་ཀློད་གྲོལ་བཏང་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་འདས་པོའི་ནང་མི་ཉེ་འབྲེལ། གྲོགས་པོ་བཅས་ཉེན་རྟོག་ཁང་དུ་སོང་སྟེ་ཉེན་རྟོག་ཁང་གིས་རྒྱ་རིགས་རླངས་འཁོར་ཁ་ལོ་བ་ཀློད་གྲོལ་གཏོང་དོན་ཐོག་གསལ་བཤད་གནང་དགོས་པའི་རེ་སྐུལ་ལ་ཡ་ལན་མ་བྱས་སྟབས། ས་གནས་ཉེན་རྟོག་པ་དང་དྲག་ཆས་དམག་མི། མི་མང་བར་འཁྲུག་འཛིང་ཤོར་སྟེ་དམག་མི་ཁག་ཅིག་ལ་རྨས་སྐྱོན་བྱུང་ཡོད་འདུག རྗེས་སུ་དམག་འབོར་མང་དུ་བཏང་སྟེ་བོད་མི་ ༤༠ ལྷག་གཅར་རྡུང་འཛིན་བཟུང་བྱས་ཡོད་པ་དང་། འདས་པོའི་ནང་མི་ཉེ་འབྲེལ་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་འདུག

ཉེ་ལམ་རྒྱ་གཞུང་གིས་སྐབས་དེར་འཛིན་བཟུང་བྱས་པའི་བོད་མི་ ༢༠ ལྷག་ཀློད་གྲོལ་བཏང་ཡོད་ཀྱང་། ད་ཆར་བོད་མི་ཚང་མ་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱེད་ཀྱི་ཡོད་འདུག་ལ། དར་ལག་རྫོང་སྲིད་གཞུང་གིས་ས་གནས་སུ་དམག་མི་ཉེན་རྟོག་པ་མང་པོ་འགྲེམས་འཇོག་གིས་ཡུལ་མི་ཚོར་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།