ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཞིབ་བཤེར་རྩིས་ལེན་ཟེར་བ།

 པར་འདེབས།

༢༠༡༤།༠༧།༢༤ཉིན་སྤེལ། ལྷ་གཞིས་བར་མེ་འཁོར་ཤར་གཏོང་ཐུབ་རྗེས་ས་གནས་དེ་གའི་དཔལ་འབྱོར་དང་ ཡུལ་སྐོར་ལས་རིགས་ཀྱིས་ཞིང་འབྲོག་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ནས་རྒྱུན་ཆད་ མེད་པར་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་འཆར་ཡོད་ཚུལ་བཤད་འདུག

ལྕགས་ལམ་གྱི་ཁྱོན་ཡོངས་རིང་ཚད་ལ་སྤྱི་ལེ་༢༥༣ཡོད་པ་དང་ལྷ་ས་ནས་གཞིས་རྩེ་བར་ལྕགས་ལམ་ཞིབ་བཤེར་རྩིས་ལེན་ལས་དོན་ཟེར་བ་དེ་ཟླ་༧་ཚེས་༡༥ཉིན་ནས་འགོ་ཚུགས་གནང་ཡོད་ཚུལ་སྤེལ་འདུག

ལྕགས་ལམ་ལས་ཁང་ཨང་བརྒྱད་པའི་འགན་འཁུར་བ་རྒྱ་མི་ཀྲོའུ་ལྦུན་ཤིང་ཟེར་བས་ཚེས་༢༣་ཉིན་ཞིབ་བཤེར་རྩིས་ལེན་མཇུག་བསྒྲིལ་བ་དང་ཆེད་ལས་མི་སྣས་ལྷ་གཞིས་བར་གྱི་བདེ་འཇགས་ལ་འགན་ལེན་གནང་བྱེད་རྒྱུ་ཡིན་ཚུལ་ཡང་བཤད་འདུག

བོད་རང་སྐྱོང་ལྗོངས་ལྕགས་ལམ་ལས་ཁང་ཟེར་བའི་འགོ་གཙོ་གཞོན་པ་དབྱང་གཡུས་ལིན་གྱིས་ལྷ་གཞིས་བར་མེ་འཁོར་ཤར་གཏོང་ཐུབ་རྗེས་ས་གནས་དེ་གའི་དཔལ་འབྱོར་དང་ཡུལ་སྐོར་ལས་རིགས་ཀྱིས་ཞིང་འབྲོག་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ནས་རྒྱུན་ཆད་མེད་པར་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་འཆར་ཡོད་ཚུལ་ཡང་བཤད་འདུག

སྐབས་འདིར་ལྷ་ས་ནས་གཞིས་རྩེ་བར་ལྕགས་ལམ་འདིང་བ་མ་ཟད་ཕྱིན་ཆད་འགག་སྒོར་བསྐྱོད་པའི་ལྕགས་ལམ་འཛུགས་བསྐྲུན་བྱ་ཆེད་རྨང་གཞི་འདིང་བ་དང་སྦྲགས་རིམ་བཞིན་ནེ་པལ་དང་རྒྱ་གར། དེ་བཞིན་འབྲུག་བཅས་ལ་བསྐྱོད་ཐུབ་པ་བྱས་ནས་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་སྣོན་བརྒྱབ་འཆར་ཡོད་ཚུལ་བཤད་ཡོད་ལུགས་སོགས་འཁོད་འདུག་པ་བཅས། 


ཟླ་བ་ཕུར་བུ་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།