choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ལྗོངས་ཀྱི་དགོན་པ་ཡོངས་ཀྱི་འཐུང་ཆུའི་དཀའ་གནད་སེལ་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༧།༢༤ཉིན་སྤེལ། རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་22.28བཏང་སྟེ་བོད་ལྗོངས་ཀྱི་ ཞིང་འབྲོག་མང་ཚོགས་དང་གྲོང་གསེབ་ཀྱི་དགེ་སློབ་ཀྱི་འཐུང་ཆུའི་བདེ་འཇགས་སོགས་ ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས།  2014ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་5ལ་ཉེ་བ་བཏང་སྟེ་བོད་རང་སྐྱོང་ལྗོངས་ནང་ཁོངས་ཀྱི་དགོན་པའི་བདེ་འཇགས་འཐུང་ཆུའི་གནད་དོན་རྦད་དེ་ཐག་གཅོད་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་སྐོར་ཞིབ་པ་བཀྲིས་ཀྱིས“འདི་ལོ་རྒྱལ་ཁབ་ཀྱིས་ཐེངས་གཅིག་རང་བཞིན་གྱི་སྒོ་ནས་སྒོར་དུང་ཕྱུར་4.95བཏང་བ་དང་། བོད་ལྗོངས་ཀྱི་དགོན་པ་1466གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུར་སྤྱོད་རྒྱུ་ཡིན། ཐོག་མའི་བསྡོམས་རྩིས་ལ་གཞིགས་ན། རྣམ་གྲངས་དེ་ལས་ཕན་པ་ཐོག་པའི་མི་གྲངས་ཁྲི་5ལ་ཉེ་བ་ཟིན་པ་དང་།  དགོན་པའི་གྲྭ་བཙུན་དང་དགོན་པའི་དོ་དམ་མི་སྣ། དེ་བཞིན་ཉེ་འཁོར་གྱི་མང་ཚོགས་བཅས་ཚུད་ཡོད”ཅེས་བརྗོད།

བཀྲིས་ཀྱིས། བོད་བརྒྱུད་ནང་བསྟན་གྱི་དགོན་པ་མང་ཆེ་བ་རི་རྩེ་དང་རི་སྐེད་དམ་ཐག་རིང་ས་ཁུལ་དུ་ཆགས་པས་ད་ཐེངས་ཀྱི་དགོན་པའི་ཆུ་མཁོ་འདོན་གྱི་ལས་གྲྭའི་འཛུགས་སྐྲུན་དེ་རིགས་ཆེ་བ་གསུམ་ལ་དབྱེ་རྒྱུ་སྟེ། གཅིག་ནི་རི་གཤམ་དུ་ཁྲོན་པ་བྲུས་ནས་མཐོ་གནོན་ཆུ་སྐྱེལ་བྱ་རྒྱུ་དང་། གཉིས་ནི་སྦུབས་ལམ་ཆུ་འདྲེན་བྱ་རྒྱུ  གསུམ་ནི་ཁྲོན་པ་བྲུས་ནས་གྲྭ་བཙུན་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་ཡིན། ལས་གྲྭ་དེ་འཆར་གཞི་བྱས་ན་ལོ་མཇུག་གོང་འཛུགས་སྐྲུན་མ་འཇོག་གི་རྣམ་གྲངས་བརྒྱ་ཆ་བརྒྱ་ལེགས་གྲུབ་བྱ་རྒྱུ་རེད་ཅེས་བརྗོད།

བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་གྲངས་གཞི་ལས་མངོན་པར།  2005ལོ་ནས་2013ལོའི་བར། རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་22.28བཏང་སྟེ་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་དང་གྲོང་གསེབ་ཀྱི་དགེ་སློབ་ཀྱི་འཐུང་ཆུའི་བདེ་འཇགས་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། མིག་སྔར་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་ཆུ་ཀ་ལ་ཁྱབ་ཚད་བརྒྱ་ཆ་86ཟིན་ཡོད་པ་རེད།

ཤིན་ཧ་དྲ་བ་ལས:http://xizang.news.cn/toutiao/2014-07/23/c_133505245.htm

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།