choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བོད་མི་གསུམ་རྒྱ་གཞུང་གིས་ཉེས་མེད་འཛིན་བཟུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༧།༡༨ཉིན་སྤེལ། ཁམས་སོག་རྫོང་རོང་པོ་ཡུལ་ཚོའི་མི་སྐྱ་སེར་མི་གསུམ་འཛིན་རྒྱ་གཞུང་ཉེན་རྟོག་ པས་ཉེས་མེད་འཛིན་བཟུང་བྱས་འདུག་པའི་གནས་ཚུལ།

ཟླ་༧ ཚེས་༩ ཉིན་ཁམས་སོག་རྫོང་རོང་པོ་ཡུལ་ཚོའི་གྲོང་ཚོ་༡༣ནས་ཡིན་པའི་གར་ཚ་ཚང་གི་གྲྭ་རྒྱལ་བསྟན་འཕེལ་རྒྱས་དང་། བཙུན་མ་དགེ་སྡིས། ཨ་མཚོ་ཚང་གི་ཆོས་གྲགས་བཅས་རྒྱ་གཞུང་གི་ཉེན་རྟོག་པས་ཉེས་མེད་འཛིན་བཟུང་བྱས་ཡོད་འདུག

འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་ལྟར་ན། ཟླ་༧ཚེས་༩ཉིན་གྱི་ཞོགས་པར་ནག་ཆུའི་ཉེན་རྟོག་པ་སངས་རྒྱས་བཀྲ་ཤིས་ཟེར་བ་གཙོས། ཉེན་རྟོག་པ་མང་པོ་སླེབས་ནས་གོང་གསལ་མི་གསུམ་འཛིན་བཟུང་བྱས་ནས་སོག་རྫོང་གི་ཕྱོགས་སུ་ཁྲིད་རྗེས། ཁོང་རྣམས་གང་དུ་བཙོན་འཇུག་བྱས་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གྲྭ་རྒྱལ་བསྟན་འཕེལ་རྒྱས་རང་ལོ་༢༩། བཙུན་མ་དགེ་སྡིས་རང་ལོ་༥༢། ཁོང་གཉིས་ཀྱི་ཕ་མིང་ལ་དབང་འདུས་དང་། མ་མིང་ལ་ལྷག་པ་ཟེར་གྱི་ཡོད་འདུག

ཆོས་གྲགས་རང་ལོ་༤༩ དང་། ཕ་མིང་ལ་ཚུགས་རྒྱལ་དང་མ་མིང་ལ་བདེ་སྐྱིད་ཟེར་གྱི་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།