དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གསེར་རྟ་བླ་རུང་སྒར་གྱི་གྲྭ་ངག་ཆུང་ལཊ་ཀློད་གྲོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤/༠༧/༡༦ཉིན་སྤེལ། རྗེས་སུ་རྒྱ་གཞུང་གིས་གསང་བའི་ཐོག་ནས་ཁོང་ལ་ལོ་ ༦ དུས་བཀག་བཙོན་འཇུག་དང་། ལོ་གཅིག་རིང་ཆབ་སྲིད་ཁེ་དབང་འཕྲོག་པའི་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་རུ་བཙོན་ འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

གང་སར་གནས་ཚུལ་ཐོན་པ་ལྟར་ན། ༢༠༠༨ ལོར་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་བོད་ནང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་པའི་གསེར་རྟ་བླ་རུང་སྒར་གྱི་གྲྭ་ངག་ཆུང་ལགས། ཟླ་འདིའི་ཕྱི་ཚེས་༨ ཉིན་བཙོན་འཇུག་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་ཡོད་ཀྱང་། མིག་གིས་མི་མཐོང་བ་སོགས་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གཞུང་གིས་ས་གནས་སུ་བརྒྱུད་ལམ་བཀག་འགོག་བྱེད་ཀྱི་ཡོད་པས་ཞིབ་འཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གྲྭ་ངག་ཆུང་ལགས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༨ ཉིན་གྱི་དགོང་མོར་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ཁོང་གི་ཕ་གཅིག་སྤུན་མཆེད་རྒན་པ་གྲྭ་བཀྲ་ཕུན་ལགས་དང་། གྲྭ་འདུ་དྲག་ལགས་མཉམ་དུ་སི་ཁྲོན་ཞིང་ཆེན་ཉེན་རྟོག་ཁང་གིས་གསང་བའི་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་གྲྭ་བཀྲ་ཕུན་དང་འགུ་དྲག་གཉིས་ཀློད་གྲོལ་བཏང་ཡོད་ཀྱང་། གྲྭ་ངག་ཆུང་ལགས་མུ་མཐུད་བཀག་ཉར་བྱས་ཏེ་ཡུན་རིང་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་ཀྱང་། རྗེས་སུ་རྒྱ་གཞུང་གིས་གསང་བའི་ཐོག་ནས་ཁོང་ལ་ལོ་ ༦ དུས་བཀག་བཙོན་འཇུག་དང་། ལོ་གཅིག་རིང་ཆབ་སྲིད་ཁེ་དབང་འཕྲོག་པའི་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་རུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

གྲྭ་ངག་ཆུང་ལགས་འཇུ་བཟུང་བྱེད་སྐབས། རང་ལོ་ ༣༩ ཡིན་པ་དང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུ་ཚ་ཡིན་པས་ཆུང་དུས་ནས་བླ་རུང་སྒར་དུ་ཞུགས་ཏེ་ལོ་ངོ་ ༢༠ ལྷག་ལ་སློབ་གཉེར་གནང་ཡོད་པ་མ་ཟད། བླ་རུང་སྒར་གྱི་ལས་སྣེ་ཆེ་ཆུང་འདྲ་མིན་གྱི་འགན་ཁུར་མྱོང་བ་དང་། ཁོང་འཇུ་བཟུང་བྱེད་སྐབས་ཀྱང་བླ་རུང་སྒར་བཟང་སྤྱོད་ལས་ཁང་གི་འགན་ཁུར་བའི་གྲས་སུ་ཡོད་སྟབས། སྒར་གྱི་ལས་དོན་ཞིག་གི་ཆེད་དུ་ཁྲིན་ཏུའུ་རུ་ཕྱིན་པ་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།