choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཆོས་ལུགས་ལས་རིགས་ལག་ཁྱེར་ཕྱིར་བསྡུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤/༠༧/༡༦ཉིན་སྤེལ། ༢༠༡༤ ཟླ་བ་ ༦ པར་གཏན་འབེབས་བྱས་པའི་དོན་ཚན་ཉི་ཤུ་ལྷག་ཅན་གྱི་ཁྲིམས་གཞིའི་ནང་བཀོད་དོན། ཆོས་ལུགས་ལས་རིགས་མི་སྣས་རྒྱུ་རྐྱེན་གང་རུང་ལ་ཁ་གཡར་བ€་སོགས་བྲིས་ཏེ། སྨོན་ལམ་ཆེ་མོར་ཞུགས་པ། རྒྱལ་མཚམས་ལས་བརྒལ་བ་བྱུང་རིགས་དགོན་པ་ནས་ཕྱིར་འཕུད་དང་ཆོས་ལུགས་ལས་རིགས་ ལག་ཁྱེར་ཕྱིར་བསྡུ་བྱས་པ་མ་ཟད། གྲྭ་བཙུན་ཕན་བདེའི་སྲིད་ཇུས་ལས་ཐོབ་ཐང་ཡོད་ཚད་མེད་པར་བྱ་རྒྱུ་ཡིན་ཞེས་འཁོད་ ཡོད་འདུག

གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་ནི། འབྲི་རུ་རྫོང་ཤག་ཆུ་ཡུལ་ཚོ་དགེ་སྣེ་གྲོང་ནས་ཡིན་པ་དང་ཆུང་དུས་ནས་འགོམ་དགོན་གསར་དགོན་དུ་གསར་ཞུགས་བྱས་ཏེ། ༢༠༠༢ ཡས་མས་ནས་འབྲི་གུང་མཐིལ་སོགས་སུ་ལོ་གསུམ་སྒྲུབ་པར་བཞུགས་པ་དང་གཞན་ཡང་ནང་པའི་གཞུང་ལུགས་དང་རིག་གནས་སོགས་ལ་སློབ་སྦྱོང་མཛད་ཅིང་། རྗེས་སུ་ཕ་ཡུལ་དུ་ཕྱིར་ཕེབས་ནས་རང་དགོན་དུ་ཚོགས་བླའི་འགན་ཁུར་དང་ཞོར་དུ་གྲྭ་པ་རྣམས་ལ་འཆད་ཁྲིད་དང་། ལྷག་དཀར་ཉི་མོར་གྲོང་པ་ཁག་གི་ནང་ནང་ཆོས་ངོ་སྤྲོད་དང་རྩོད་རྙོག་འདུམ་སྒྲིག དཀར་ཟས་ལ་སྤྱོད་ཐབས་སྐུལ་མ་སོགས་ཀྱི་ཆོས་སྲིད་ཁྲིམས་གསུམ་ཀུན་དང་མཐུན་པའི་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད། ནམ་རྒྱུན་མི་རིགས་ཀྱི་ལ་རྒྱའི་སྐོར་ཆོད་སེམས་བརྟན་པོས་མི་མང་ལ་འགྲེལ་བཤད་རྒྱག་གི་ཡོད་པ་དང་། མི་མང་ཚོས་ཁོང་ལ་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་འདུག

ན་ནིང་ནགས་ལྷའི་གཏེར་ཁ་སྔོགས་འདོན་བྱེད་སྐབས་ཁོང་གིས་བཀག་འགོག་དགོས་པའི་སྐུལ་མ་བྱས་ཚུལ་དང་། དངོས་སུ་མི་མང་ལ་གསུང་བཤད་དང་གནས་རི་ནགས་ལྷ་སྲུང་སྐྱོབ་བྱེད་མཁན་མཐུས་མི་རྣམས་ལ་ཁ་བཏགས་གཡོགས་པ་སོགས་རྒྱ་གཞུང་གི་སེམས་ལ་ཧ་ཅང་ཕོག་ཡོད་སྐོར་ས་གནས་མི་མང་གིས་རྗོད་བཞིན་ཡོད་འདུག

ཉེ་སྔོན་བཙན་ཁྲིད་སྐབས་ཉེན་རྟོག་པས་དེ་གའི་མི་མང་ཚོར། ཁོ་ནི་དེ་རིང་གི་གནས་ཚུལ་ཙམ་མིན་པར་ལོ་མང་པོར་ང་ཚོས་ཉམས་ཞིབ་བྱས་པས་ནག་ཉེས་མང་པོ་གསལ་རྟོགས་བྱུང་ཡོད་སྐོར་དང་ནགས་ལྷ་སྲུང་སྐྱོབ་ལས་འགུལ་སྤེལ་མཁན་གྲས་སུ་ཡོད་པ་སོགས་བཤད་ཅིང་། དེ་མུར་ཉེན་རྟོག་པ་དང་དམག་མིས་དགོན་པའི་མཐའ་བསྐོར་ནས་གྲྭ་ཤག་སྔོག་བཤེར་ཡང་བྱས་ཡོད་འདུག དེ་ནས་བཟུང་གང་ཞིག་ཏུ་བཙན་འཁྲིད་བྱས་མིན་དང་ཤི་གསོན་གྱི་གནས་ཚུལ་གང་ཡིན་ཡུལ་མི་ཚོས་ཤེས་རྟོགས་བྱུང་མེད་པ་མ་ཟད། ཡུལ་འདིར་ཆོས་ལུགས་དད་པ་རང་མོས་དང་། སྨྲ་བརྗོད་རང་དང་། འགྲོ་སྐྱོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་རང་དབང་བཙན་འཕྲོག་བྱེད་བཞིན་པ་ནི། འབྲི་རུ་རྫོང་མི་དམངས་སྲིད་གཞུང་ནས་ཕྱི་ལོ་ ༢༠༡༤ ཟླ་བ་ ༦ པར་གཏན་འབེབས་བྱས་པའི་དོན་ཚན་ཉི་ཤུ་ལྷག་ཅན་གྱི་ཁྲིམས་གཞིའི་ནང་བཀོད་དོན། ཆོས་ལུགས་ལས་རིགས་མི་སྣས་རྒྱུ་རྐྱེན་གང་རུང་ལ་ཁ་གཡར་བ€་སོགས་བྲིས་ཏེ། སྨོན་ལམ་ཆེ་མོར་ཞུགས་པ། རྒྱལ་མཚམས་ལས་བརྒལ་བ་བྱུང་རིགས་དགོན་པ་ནས་ཕྱིར་འཕུད་དང་ཆོས་ལུགས་ལས་རིགས་ལག་ཁྱེར་ཕྱིར་བསྡུ་བྱས་པ་མ་ཟད། གྲྭ་བཙུན་ཕན་བདེའི་སྲིད་ཇུས་ལས་ཐོབ་ཐང་ཡོད་ཚད་མེད་པར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག

ཡུལ་མི་རྣམས་ལ་ཡང་། དཀྲོག་གཏམ་སྤེལ་བ། ཁ་བྲལ་ལ་སྟོད་གླུ་དང་རྒྱ་ནག་གི་བོད་ཕྱོགས་འཛིན་པའི་སྲིད་ཇུས་ལ་དམའ་འབེབས་བྱ་བ། གསང་བ་ཕྱིར་བསྒྲགས་བྱས་པ། ཕྱི་ཕྱོགས་བོད་མི་ཚོས་བསྒྲགས་གཏམ་སོགས་ལ་བརྒྱུད་སྤེལ་དང་དགའ་ཞན་བྱ་རིགས་ལ། ལོ་གཉིས་རིང་དབྱར་ཙྭ་དགུན་འབུ་བསྐོ་མི་ཆོག་པ་དང་། དམངས་ཕན་སྲིད་ཇུས་ལས་ཐོབ་ཐང་ཁག་འཕྲོག་རྒྱུ་ཡིན་ཞེས་གསལ་འཁོད་བྱུང་བ་ལས། དེང་སྐབས་འབྲི་རུ་ཁུལ་དུ་ལས་དོན་གང་གི་ཐད་འགྲོ་འདུག་མི་ཤེས་པའི་ཧ་ཅང་ཛ་དྲག་ཆེ་པོ་ཡོད་པར་ཤེས་གསལ་ཡིན་ལ། གསན་ཚུལ་དེ་དག་དབང་གིས་ཕ་ཡུལ་དུ་ཁ་པར་འབྲེལ་ལམ་བཀག་པ་མ་ཟད། བོད་ནང་མདོ་ཁམས་གཙོའི་གཞན་ཕྱོགས་སུ་སློབ་གཉེར་དུ་ཕྱིན་པའི་འབྲི་རུའི་སློབ་ མ་རྣམས་རང་གནས་སུ་ལོག་དགོས་པའི་བཙན་བཀའ་བཏང་སྟེ་ད་ཆར་ཚང་མ་རང་གནས་སུ་ལོག་དགོས་བྱུང་ཡོད་པའི་གནས་ཚུལ་འདུག ཅེས་ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།