choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

འབའ་ཤིང་ཁྲི་དགོན་གྱི་གྲྭ་བསྟན་འཛིན་རང་ཤར་ལགས་ཀློད་གྲོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤/༠༧/༡༦ཉིན་སྤེལ། འབའ་ཤིང་ཁྲི་དགོན་གྱི་གྲྭ་བསྟན་འཛིན་རང་ཤར་ལགས་ལ་ལོ་ ༢ དང་ཟླ་ ༣ ཁྲིམས་ཐག་བཅད་ཡོད་པ་ལྟར། དེ་རིང་བཙོན་འཇུག་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་ཡོད་འདུག

བསོད་ནམས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།
ཕྱི་ལོ་ ༢༠༡༢ ལོའི་འབའ་རྫོང་ ༣.༡༥ ངོ་རྒོལ་དོན་རྐྱེན་ཁྲོད་མཉམ་ཞུགས་བྱས་པའི་ཉེས་མིང་འོག རྒྱ་གཞུང་གིས་འབའ་ཤིང་ཁྲི་དགོན་གྱི་གྲྭ་བསྟན་འཛིན་རང་ཤར་ལགས་ལ་ལོ་ ༢ དང་ཟླ་ ༣ ཁྲིམས་ཐག་བཅད་ཡོད་པ་ལྟར། དེ་རིང་བཙོན་འཇུག་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༥ ཉིན་མཚོ་སྔོན་འབའ་རྫོང་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་རྒྱ་གཞུང་གི་བཙན་གནོན་ལ་ཞི་རྒོལ་བྱེད་སྐབས། རྒྱ་གཞུང་གིས་བོད་མི་སེར་སྐྱ་ ༦༠ ཙམ་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་བོད་མི་ཁག་ཅིག་ཀློད་གྲོལ་བཏང་ཡོད་ཀྱང་། འབའ་ཤིང་ཁྲི་དགོན་གྱི་གྲྭ་བསྟན་འཛིན་རང་ཤར་སོགས་དགེ་འདུན་པ་ ༡༤ མུ་མཐུད་བཀག་ཉར་བྱས་ཏེ་སྔ་ཕྱིར་ཁྲིམས་ཐག་བཅད་ཡོད་པ་ལྟར། ད་ལྟའང་དགེ་འདུན་པ་ ༣ ་བཙོན་ཁང་དུ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།