choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་ཞིག་གར་ཡོད་ད་དུང་ཡང་བརྩད་ཆོད་ཀྱི་མེད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༡༤ཉིན་སྤེལ། ད་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༧ བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་བོད་རིགས་ཚོང་པ་གཙོར་གྱུར་མི་གྲངས་ ༢༠༠ ཙམ་གྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཟིགས་ཁང་ནས་འགོ་འཛུགས་ཀྱིས་ཀི་བསྭོ་ལྷ་རྒྱལ་སྒྲོག་བཞིན་ལྷ་ལྡན་གཙུག་ལག་ཁང་དང༌། ཕོ་བྲང་པོ་ཏཱ་ལའི་མདུན་ཐང་སོགས་སུ་ཁྲོམ་སྐོར་བྱས་ཉིན་དགོང་དྲོ་བོད་མི་ཁག་ཅིག་ལས་འགུལ་གྱི་སྣེ་ཁྲིད་པ་ཡིན་པར་བསྙད་དེ་རྒྱ་ཡི་ཉེན་རྟོག་པས་འཛིན་བཟུང་བྱས་སྐོར་གནས་ཚུལ་སྔོན་སྤེལ་ལྟར་ལ། སྐབས་དེར་འཛིན་བཟུང་བྱས་ཁོངས་ནས་ཕལ་ཆེ་བ་རིམ་བཞིན་གློད་བཀྲོལ་བཏང་ཟིན་ཡོད་འདུག་ནའང༌། ཕ་ཡུལ་སྡེ་དགེ་འཇོ་མདའ་རྫོང་ཁོངས་མཁར་སྒང་ཤང་ནས་ཡིན་པ་རང་ལོ་ ༥༠ ཅན་ཞོ་བེད་བསོདསྟོབས་ལགས་འདས་པའི་ཟླ་གསུམ་ལྷག་རིང་གང་དུ་ཡོད་མེད་དང་སྡུག་སྦྱོང་མནར་གཅོད་ཇི་ལྟར་བཏང་མིན་བཅས་ཀྱི་གནས་སྟངས་ནང་མི་གཉེན་འབྲེལ་སུས་ཀྱང་ཤེས་རྟོགས་གང་ཡང་བྱུང་མེད་པ་དང༌། འཛིན་བཟུང་བྱས་ཁོངས་དེ་དག་ལས་ཁོང་དེ་ལྟར་བཀག་ཉར་བྱས་དོན་ཇི་ཡིན་ཤེས་རྟོགས་ཐུབ་མེད། ཕྱིར་གློད་ཟིན་པ་རྣམས་ལའང་རྒྱུན་ཏུ་ཞིབ་བརྩད་བྱེད་བཞིན་ཡོད་འདུག བསོད་སྟོབས་ནི་སྔོན་མ་བོད་མི་རྣམས་ལ་ལྷ་སའི་ཁྲོམ་གཟིགས་ཁང་གི་ཐད་དཀའ་ངལ་འཕྲད་སྐབས་དང་རྒྱུན་དུ་བོད་མི་རྣམས་ལ་དཀའ་ངལ་འཕྲད་སྐབས་འགན་ཁུར་གཙོ་བཞེས་གནང་མཁན་ཞིག་ཡིན་པ་རེད། ཁོང་ད་ལྟ་གང་དུ་ཡོད་མེད་དང་ཤི་གསོན་ཇི་ཡིན་ཤེས་རྟོགས་མེད་པར་བརྟེན་ནང་མི་གཉེན་འབྲེལ་རྣམས་ནི་ཉིན་རེ་བཞིན་སེམས་འཚབ་དང་བློ་ཕམ། ཐེ་ཚོམ་དང་རེ་སྒུག་བཅས་ཀྱིས་ཉིན་སོང་ཡང་མཚན་འགྲོ་དཀའ་བའི་གནས་སུ་གྱར་ཏེ་ཞི་བདེ་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང༌། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་སྒེར་གྱི་སྒྲིག་འཛུགས་ཁག་བཅས་ནས་རོགས་མགོན་དང་རྒྱབ་སྐྱོར་འོག་ཁོང་ཉིད་ད་ལྟ་གང་དུ་ཡོད་མེད་བརྩད་ཆོད་པ་ཞིག་དང༌། ཁོང་གང་མགྱོགས་གློད་བཀྲོལ་ཡོང་ཐབས་ཀྱི་རེ་སྐུལ་ཤུགས་ཆེ་ཞུ་བཞིན་འདུག་ན་དེ་ལུགས་འབྲེལ་ཡོད་ཀུན་ནས་སྐྱབས་འཇུག་རོགས་མགོན་དོན་སོན་ཡོང་བ་ཞུ།། ཁོང་གི་སྤུན་ཉེ་འགྱུར་མེད་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་ ༢༠༠༩།༩།༡༤ ལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།