དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

རྒྱ་གཞུང་གིས་ཟི་ཁྲོན་མཛོད་དགེ་རུ་བོད་མིར་གཅར་རྡུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤/༠༧/༠༩ཉིན་སྤེལ། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་མང་པོ་བསླེབས་ནས་མི་མང་ལ་གང་བྱུང་གཅར་རྡུང་ བྱས་ཏེ། སྡེ་དཔོན་གཞོན་པ་གཙོས་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་ནས་མཛོད་དགེ་རྫོང་ སྨན་ཁང་དུ་བསྐྱལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་སི་ཁྲོན་མཛོད་དགེ་རྫོང་བན་ཡུལ་སྡེ་བའི་གཞུང་ལམ་ཁྲལ་བསྡུ་ས་ཚིགས་ཀྱི་ལས་བྱེད་པས་སྐྱེལ་འདྲེན་རླངས་འཁོར་ཞིག་བཀག་འགོག་བྱས་ཡོད་པ་དེ་ནི་བན་ཡུལ་སྡེ་བའི་མཆོད་རྟེན་བསྐྱར་བཞེངས་ཀྱི་རྒྱུ་ཆ་འདྲུད་པའི་སྐྱེལ་འདྲེན་རླངས་འཁོར་ཞིག་ཡིན་འདུག སྡེ་བའི་མགོ་ཁྲིད་དང་ཡུལ་མི་རྒན་པ་ཚོས་གཞུང་གི་ཆོག་མཆན་དཔང་ཡིག་སོགས་བསྟན་ཏེ། རླངས་འཁོར་དེ་འགྲོ་རུ་འཇུག་དགོས་པའི་རེ་སྐུལ་བྱེད་སྐབས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་མང་པོ་བསླེབས་ནས་མི་མང་ལ་གང་བྱུང་གཅར་རྡུང་བྱས་ཏེ། སྡེ་དཔོན་གཞོན་པ་གཙོས་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་ནས་མཛོད་དགེ་རྫོང་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། བོད་མི་ཞིག་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཁྲིན་ཏུའུར་མྱུར་སྐྱོབ་བྱེད་དུ་ཕྱིན་ཡོད་པ་བཅས་གནས་ཚུལ་གཞན་དག་གསལ་ཁ་བྱུང་མ་སོང་།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།