choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སི་ཁྲོན་ཞིང་ཆེན་གྱི་སློབ་གྲྭའི་དབྱར་གསེང་ལས་བྱ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤/༠༦/༢༧ཉིན་སྤེལ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་ད་ལོའི་དབྱར་གསེང་གཏོང་ལ་ཉེ་བའི་སྐབས་ དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༢༦ ཉིན་སློབ་མ་ཡོངས་ལ་དབྱར་ཁའི་གུང་གསེང་གི་ལས་བྱ་དོན་ཚན་བཞི་གནང་འདུག

དབྱར་གསེང་གི་དུས་ཡུན་ཟླ་གཅིག་ལྷག་གི་ནང་སློབ་མ་ཚོས་སོ་སོའི་ཕ་ཡུལ་དུ་བོད་ཡིག་སློབ་ཁྲིད་དང་དམངས་ཁྲོད་རིག་གནས་བསྡུ་རུབ་ཀྱི་བྱ་བ་གང་ཐུབ་བསྒྲུབ་དགོས་པའི་སྐོར་ལ་ལས་བྱ་དོན་ཚན་བཞི་གནང་བའི་ནང་། དོན་ཚན་དང་པོ་ཕ་ཡུལ་ནས་རང་ཉིད་ཀྱིས་ཐོག་མར་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཀུན་སྤྱོད་དོན་ཚན་སོ་བདུན་མའི་བླང་བྱ་ལྟར་སྤྱོད་ལམ་ལེགས་པོ་བྱས་ཐོག ས་གནས་དེ་གའི་ན་མཉམ་དང་ལོ་ཆུང་རྣམས་ལ་དེ་ལུགས་སློབ་གསོ་ཅི་ནུས་བྱ་དགོས།

དོན་ཚན་གཉིས་པ། ཕ་ཡུལ་ནས་མ་མཐར་ཡང་ཉིན་གྲངས་བཅུའི་དུས་ཚོད་སྤྱད་དེ། ཕོ་མོ་རྒན་གཞོན་གང་རུང་མི་གྲངས་ལྔ་ལས་མི་ཉུང་བ་ཞིག་ལ། སོ་སོའི་རྨང་གཞི་ལྟར་བོད་ཡིག་སློབ་ཁྲིད་བྱས་ཏེ་ཡིག་རྨོངས་སེལ་བའི་བྱ་བ་བསྒྲུབ་དགོས། ལས་ཀ་དེ་ལྟར་བསྒྲུབས་<ཡོད་པར་ངེས་པར་དུ་ས་གནས་དེ་གའི་སྲིད་གཞུང་གི་ཚད་ལྡན་དཔང་ཡིག་དགོས། སློབ་ཁྲིད་བྱེད་དུས་ཀྱི་འབྲེལ་ཡོད་གནས་ཚུལ་པར་དུ་རྒྱག་ཐུབ་ན་དེ་ལས་ཀྱང་བཟང་ངོ་།།

དོན་ཚན་གསུམ་པ། སོ་སོའི་ཕ་ཡུལ་གྱི་དམངས་ཁྲོད་མི་སྣ་གྲགས་ཅན་༼བླ་སྤྲུལ་དང་རྒྱལ་པོ་ལྟ་བུའི་དེ་སྔོན་རྣམ་ཐར་བྲིས་མྱོང་བ་སོགས་མི་ཐེ ༽གཙོ་བོ་ལས་རིགས་འདྲ་མིན་གྱི་ཐོག་ནས་བྱ་བ་བཟང་ངན་གང་ཡིན་རུང་གཞན་དང་མི་འདྲ་བའི་ལག་རྩལ་དང་མཐུ་ནུས་སོགས་ཁྱད་མཚར་ལྡན་ཞིང་། ཕ་ཡུལ་མི་མང་ཚོའི་ངག་རྒྱུན་ན་བཤད་སྲོལ་དུ་ཆགས་པའི་མི་སྣ་ཁྱད་པར་བ་དག་གི་གནས་ཚུལ་བསྡུས་ཏེ་ཡི་གེར་འགོད་དགོས། བྱ་བ་དེ་བསྒྲུབ་པར་དང་པོ་མི་གཉིས་སམ་དེ་ལས་མང་བ་ཅི་ནུས་བྱ་རྒྱུ་དང་། གཉིས་པ་ཡིག་ཚགས་སུ་ཉར་ཞིང་རྗེས་སུ་པར་བསྐྲུན་སོགས་ཡོང་རེ་ཡོད་པས་འབྲེལ་ཡོད་པར་རིས་སོགས་ལོན་ན་ཡང་བཟང་། གསུམ་པ་མི་མང་གི་ངག་རྒྱུན་ཇི་བཞིན་མ་ཡོང་བར་བཅོས་ལྷད་དུ་མ་སོང་བར་སོ་སོས་འགན་འཁུར་བྱ་དགོས།

དོན་ཚན་བཞི་པ། སློབ་དུས་རྗེས་མའི་གཟའ་འཁོར་དང་པོའི་ནང་། དབྱར་གསེང་ལས་བྱ་དེ་དག་འཛིན་བདག་བརྒྱུད་ནས་ཆད་ལུས་མེད་པར་སློབ་མ་ཁང་དུ་སྤྲོད་དགོས་པ་དང་།་གཟའ་འཁོར་གསུམ་པ་ནས་མགོ་བཙུགས་ཏེ་ཐོག་མར་འཛིན་གྲྭ་ནང་ཁུལ་དང་། དེ་ནས་ལོ་རིམ་ནང་ཁུལ། མཐར་སློབ་གྲྭ་ཡོངས་ཀྱི་མི་སྣ་ངོ་སྤྲོད་འགྲན་སྡུར་དུ་ཞུགས་དགོས་པ་བཅས་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།