དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཨ་མདོ་བླ་བྲང་དགོན་པར་ཉེན་རྟོག་ལས་ཁུངས་ཉི་ཤུ་རྩ་བཞི་གསར་འཛུགས་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༦།༢༤ཉིན་སྤེལ། བོད་པའི་ཆོས་བྱེད་དགོན་སྡེ་ཁག་ལ་དམ་བསྒྲགས་ཤུགས་ཆེར་གཏོང་ཆེད་བདུན་ཕྲག་ འདིའི་ནང་རྒྱ་ནག་གཞུང་གིས་བོད་མདོ་སྨད་ཨ་མདོ་བླ་བྲང་དགོན་པར་ཉེན་རྟོག་ལས་ ཁུངས་ཉི་ཤུ་རྩ་བཞི་གསར་འཛུགས་བྱས་འདུག

ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཁུལ་དེར་རང་ལུས་མེར་སྲེག་གི་དོན་རྐྱེན་ཁག་གཅིག་བྱུང་ཡོད། ཐེངས་འདིར་རྒྱ་གཞུང་གིས་ཉེན་རྟོག་ལས་ཁུངས་གསར་འཛུགས་བྱས་པ་དེ་ནི་གཙོ་བོ་བོད་མིའི་དགོན་སྡེ་ཁག་གི་ལས་དོན་ཐོག་དོ་ནན་རྟོག་ཞིབ་བྱ་ཆེད་ཡིན་སྐོར་གཞུང་འབྲེལ་གསལ་བཤད་བྱས་འདུག དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་གནད་དོན་འདིའི་སྐོར་གནས་ཚུལ་བཀོད་དོན། ལས་གཞི་འདི་ནི་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ལ་ཐད་ཀར་དམ་བསྒྲགས་དང་སྟངས་འཛིན་བྱ་རྒྱུ་མ་ཟད། བོད་པའི་གྲོང་གསེབ་དང་གྲོང་ཁྱེར་ཁུལ་དུ་གུང་ཁྲན་ཚོགས་པས་ཐེ་བྱུས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྲིད་བྱུས་ཤིག་ཡིན།

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ལ་ཞི་བའི་གྱེན་ལང་བྱུང་རྗེས་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་ཁག་དཀྲི་བྱས་ནས་རྒྱ་ནག་གུང་ཁྲན་ཚོགས་པས་ཐེ་བྱུས་བྱེད་ཤུགས་ཆེ་རུང་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་འགོ་བཙུགས་ཏེ། བོད་ཀྱི་གྲོང་གསེབ་དང་གྲོང་ཁྱེར་ཁུལ་དུ་རྒྱལ་གཅེས་ཆོས་གཅེས། ཟེར་བའི་སློབ་གསོའི་ལས་འགུལ་དང་། དགོན་སྡེ་ཁག་གི་འཛིན་སྐྱོང་ཐོག་ཐེ་བྱུས་དང་དམ་བསྒྲགས་ཤུགས་ཆེར་བཏང་བ་དང་སྦྲགས། བོད་པའི་དགོན་པ་གྲྭ་ཚང་དང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་ལས་དོན་རུ་ཁག་ཟེར་བ་དང་ཏང་གི་ཚོགས་མི་སོགས་ཧ་ཅང་ཕོན་ཆེ་འགྲེམས་འཇོག་བྱས་ཡོད།
རྒྱ་ནག་གཞུང་ནས་བོད་མི་ཚོས་༸གོང་ས་མཆོག་ལས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་མོས་དང་དད་གུས་ཆེ་བ་ཞུ་འཇུག་ཐབས་བྱེད་བཞིན་ཡོད། དེར་བརྟེན་ཆེད་མངགས་བོད་མི་རིགས་ཀྱི་ཐུན་མིན་ངོ་བོ་རྣམས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད། ཅེས་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༢ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་བོད་རང་སྐྱོང་ལྗོངས། ཟེར་བའི་དྲུང་ཆེ་ཁྲན་ཆོན་གོས་ Chen Quanguo བརྗོད་དོན་ལྟར་ན། དགོན་པའི་ནང་ལས་དོན་རུ་ཁག་གི་འཐུས་མི་རྣམས་ནས་གྲྭ་བཙུན་རྣམས་ལ་རྒྱལ་ཞེན་གོང་སྤེལ་དང་། ཡུལ་ཁྲིམས་སྲུང་ཞིང་ཆོས་ལ་དགའ་བ། རྒྱལ་ཁབ་ཀྱི་བརྟན་ལྷིང་དང་སྤྱི་ཚོགས་འཆམ་མཐུན་གོང་འཕེལ་གཏོང་ཐུབ་མཁན་ཞིག་བསྐྲུན་དགོས།
བོད་གཞུང་དྲ་གནས་ལས་དྲངས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།