choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་ཆབ་སྲིད་བཙོན་མ་ཞིག་འདས་གྲོངས་སུ་ཕྱིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༡༡ཉིན་སྤེལ།

སྔ་ལོ་ཕྱི་ཟླ་༣པའི་ནང་བོད་ཆོལ་གསུམ་ཁྱོན་དུ་ཞི་རྒོལ་ཆེན་མོ་བྱུང་རྗེས་བོད་ཀྱི་འབྲས་སྤུངས་དགོན་དུ་ཟླ་༣ཚེས་༡༠བཟུང་ནས་ཆོས་ལུགས་བྱེད་སྒོ་རྣམས་རྒྱུན་གཏན་ལྟར་བྱུང་མེད་པ་མ་ཟད།ཟླ་༣ཚེས་༡༠རྗེས་དགོན་པ་ཡུན་རིང་སྒོ་རྒྱག་དགོས་བྱུང་ཡོད་ལ།རྒྱུན་སྲོལ་ནས་དར་བའི་བོད་ཀྱི་མདོ་སྟོད་སྨད་ཁུལ་ནས་ཡོང་བའི་སློབ་གཉེར་བ་རྣམས་བཙན་ཤུགས་ཀྱི་ཐོག་ནས་དགོན་པ་ནས་ཁྲིད་དེ་གོར་མོ་སོགས་སུ་བཙོན་འཇུག་བྱས་པ་དང༌།ཁག་གཅིག་ཕ་ཡུལ་དུ་ཕྱིར་སློག་བཏང་ཡོད་འདུག ཟླ་༤ཚེས་ཤར་ལ་དངོས་སུ་དགེ་འདུན་པ་མང་དག་ཅིག་འཛིན་བཟུང་བྱས་ཏེ་ཟླ་༣པའི་ཞི་རྒོལ་གྱི་ལས་འགུལ་དང༌།ལྷག་པར་ཕྱི་ལོ་༢༠༠༧ལོར་ྋགོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་སྐབས་འབྲས་སྤུངས་དགོན་པར་རྟེན་འབྲེལ་མཚོན་ཆེད་ཀྱི་ལས་འགུལ་སྤེལ་བ་སོགས་སྡེབས་གཅིག་ཏུ་ཉེས་འཛུགས་བྱས་ཏེ་ལྷ་སའི་བྱང་ཕྱོགས་གསང་ཡིབ་ཀྲེ་ཏུད་ལྔ་པའི་བཙོན་ཁང་མདུན་ངོས་སུ་ཡོད་པའི་གྲོང་ཁྱེར་ལྷ་སའི་བདེ་སྲུང་ཚན་པའི་བཀག་ཉར་ཁང་སོགས་སུ་བཀག་ཉར་བྱེད་རིང་གང་བྱུང་ཉེས་རྡུང་བཏང་སྟེ་གྲྭ་བློ་བཟང་དབང་ཕྱུག་གི་མིག་སྐྱོན་ཅན་བཟོས་པ་དང༌།དགེ་བསྐོས་ཟུར་པ་ངག་དབང་དོན་དམ་གྱི་ལག་པ་སྐྱོན་ཅན་བཟོས་པ།རྒྱལ་ཐང་ཁུལ་ནས་ཡིན་པའི་དགེ་འདུན་པ་ཞིག་ལ་འདྲི་གཅོད་པ་སོགས་ནས་ཉེས་རྡུང་ཚད་མེད་བཏང་སྟེ་གོང་གསལ་བཙོན་ཁང་དེའི་ནང་ཁྲག་ཐེངས་མང་སྐྱུག་སྟེ་སྲོག་ཉེན་ལ་ཐུག་པའི་སྡུག་སྦྱོང་བཏང་ཡོད་ཅིང༌།མཐར་སྔ་ལོའི་ལོ་མཇུག་ཏུ་འབྲས་སྤུངས་དགོན་པའི་དགེ་འདུན་པ་དེ་དག་ལ་དུས་ཡུན་ལོ་༢ནས་༡༥ལྷག་གི་ཁྲིམས་གཅོད་བཏང་སྟེ་ཁྲིམས་ཆད་ལོ་དུས་ཉུང་བ་རྣམས་གཞིས་རྩེ་ས་ཁུལ་ཁོངས་སུ་ཡོད་པའི་ཉ་རི་བཙོན་ཁང་དུ་སྤོ་སྐྱེལ་བྱས་ཡོད།ཁྲིམས་ཆད་ལོ་ཚད་མཐོ་བ་རྣམས་ལྷ་སའི་ཆུ་ཤུལ་བཙོན་ཁང་སོགས་སུ་ངལ་རྩོལ་བསྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་བྱས་ཡོད་པ་རེད།

  གོང་གསལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་ཟིན་པའི་ཁོངས་ནས་ཁྲིམས་ཆད་འཁུར་བཞིན་པའི་འབྲས་སྤུངས་སྔགས་པ་གྲྭ་ཚང་གི་དཔེ་ཆ་དྲག་གྲས་སྐྱེས་ཡུལ་འཕན་པོ་ལྷུན་གྲུབ་རྫོང་ཁོངས་ནས་ཡིན་པའི་གྲྭ་ངག་དབང་འོད་དཔལ་བཙོན་ཁང་ནང་སྡུག་སྦྱོང་ཚད་མེད་བཏང་སྟབས་གཅོང་ཅན་དུ་གྱུར་བར་བརྟེན་ཉེ་ཆར་ཕྱི་ལོ་༢༠༠༩ཟླ་༨པའི་ཟླ་དཀྱིལ་ཙམ་དུ་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་དང༌།འདས་གྲོངས་སོང་རྗེས་བཙོན་ཁང་གི་འབྲེལ་ཡོད་སྤྱི་བདེ་ལས་བྱེད་སོགས་ནས་ཕུང་པོ་མལ་དྲོ་གུང་དཀར་རྫོང་ཁོངས་སུ་ཡོད་པའི་འབྲི་གུང་དུར་ཁྲོད་དུ་འཁྱེར་རྗེས་བྱ་གཏོར་བྱས་ཏེ་ནང་མི་སྤུན་མཆེད་ལ་རྩིས་སྤྲོད་བྱས་མེད་པའི་གནས་ཚུལ་ཐོན་འདུག།

བཙན་བྱོལ་བོད་གཞུང་དྲ་ཚིགས་ནས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།