choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

འཇང་རྩེ་དོན་ཁོ་དང་བུད་དྷ་གཉིས་བཙོན་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༦།༢༠ཉིན་སྤེལ། བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་ལ་༼ཤར་དུང་རི༽དུས་དེབ་ཀྱི་རྩོམ་སྒྲིག་པ་འཇང་རྩེ་དོན་ཁོ་ལགས་དང་བུད་དྷ་ལགས་གཉིས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་པའི་གནས་ཚུལ་འབྱོར་སོང་།

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་ལྟར་ན། ༢༠༡༠ ཟླ་ ༦ ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་༼དུས་རབས་ཀྱི་ང་༽དུས་དེབ་ཀྱི་རྩོམ་སྒྲིག་པ་འཇང་རྩེ་དོན་ཁོ་དང་བུད་དྷ་ལགས་གཉིས་རྔ་བ་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་ལོ་ ༤ བཙོན་འཇུག་ཁྲིམས་ཆད་རྫོགས་ཏེ་སི་ཁྲོན་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༠ ལོར་རྒྱ་གཞུང་གིས་རྩོམ་པ་པོ་འཇང་རྩེ་དོན་ཁོ་ལགས་དང་བུད་དྷ་ལགས། སྐལ་བཟང་སྦྱིན་པ་ལགས་བཅས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་༼ཤར་དུང་རི༽དུས་དེབ་ཐོག་ས་བྱི་ལོའི་ཞི་རྒོལ་གྱི་གནས་ཚུལ་བཀོད་དེ་རྒྱལ་ཁབ་ཁ་བྲལ་བཏང་བའི་ནག་ཉེས་བཙུགས་ཏེ། འཇང་རྩེ་དོན་ཁོ་ལགས་དང་བུད་དྷ་ལགས་གཉིས་ལ་ཁྲིམས་ཆད་ལོ་ ༤ དང་། སྐལ་བཟང་སྦྱིན་པ་ལགས་ལ་ལོ་ ༣ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༡༠ ལོའི་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་༼དུས་རབས་ཀྱི་ང་༽ ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་རྩོམ་པ་པོ་སྐལ་བཟང་སྦྱིན་པའམ་སྨྱུག་མིང་ལ་མགར་མི་ཞུ་བ་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་མིང་འོག་ཁོང་ལ་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ།  ༢༠༡༣་ལོའི་ཟླ་༠༧ཕྱི་ཚེས་ ༡༨ ཉིན་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཟི་ཁྲོན་མེན་ཡང་བཙོན་ཁང་ནས་ཀློད་གྲོལ་ཐོབ་ཡོད་འདུག 

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།