choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ཀྱི་ཆབ་སྲིད་བཙོན་པ་གངས་བུ་གཡུ་སྦྲུ་ལགས་ཀློད་གྲོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤/༠༦/༡༣ཉིན་སྤེལ། ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཁམས་མི་ཉག་གི་བཙོན་ཁང་ཞིག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་གངས་ བུ་གཡུ་སྦྲུ་ལགས་ཀློད་གྲོལ་བཏང་ཡོད་པ་དང་། སང་ཉིན་ཁོང་ཕྱིར་དཀར་མཛེས་ཁུལ་གསེར་རྟ་རྫོང་ཀོས་ཚ་སྡེ་བའི་རང་ཁྱིམ་དུ་ འབྱོར་གྱི་ཡོད་པའི་གནས་ཚུལ་འབྱོར་སོང་།

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གངས་བུ་གཡུ་སྦྲུ་ལགས་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཀོས་ཚ་སྡེ་བ་ནས་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོའི་གསེར་རྟ་རྫོང་གི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཁོ་རང་གཅིག་པུས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ༧གོང་ས་མཆོག་ཕྱིར་བོད་ནང་གདན་འདྲེན་ཞུ་དགོས། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བཙོན་གྲོལ་གཏོང་དགོས། རྒྱ་མི་བོད་ནས་ཕྱིར་ལོག་དགོས། རང་ས་སྐྱོང་བྱེད་དགོས་ཞེས་སོགས་འབོད་ཚིག་བསྒྲགས་ཏེ་རྒྱ་གཞུང་གིས་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་སྟབས། རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་དང་གཅར་རྡུང་འདྲི་བརྩད་སོགས་མནར་གཅོད་ཚད་ལས་བརྒལ་བ་བཏང་རྗེས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༢ ཚེས་ ༡༩ ཉིན་ཁོང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་འདུག

རྗེས་སུ་གངས་བུ་གཡུ་སྦྲུ་ལགས་དང་གྲོགས་པོ་སྐོར་ཞིག་གིས་༼དམར་རྒོལ་གདོང་ལེན་ཚོགས་པ༽ ཞེས་པའི་ཚོགས་པ་ཞིག་གསར་འཛུཊ་བྱས་ཏེ། དཀའ་སྡུག་གང་མང་འོག་བོད་ཀྱི་ས་གནས་གང་མང་དུ་བྱ་འགུལ་རབས་དང་རིམ་པ་སྤེལ་སྟབས། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱལ་སྲུང་རུ་ཁག་གིས་ཁོང་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ད་ལྟའི་བར་བཙོན་འཇུག་བཀག་ཉར་བྱས་ཡོད་པར་མ་ཟད། ཁོང་གི་གྲོགས་པོ་ཁག་ཅིག་ད་ཆར་ཡང་རྒྱ་གཞུང་གི་བཙོན་ཁང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག་པའི་སྐོར་གྱི་གནས་ཚུལ་འབྱོར་ལྟར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།