choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་ཆབ་སྲིད་བཙོན་ཟུར་གསུམ་ལ་བསྐྱར་དུ་བཙོན་ཆད་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༩ཉིན་སྤེལ། སྔ་ལོ་ལྷ་སར་ཞི་རྒོལ་བྱུང་བའི་ནང་མཉམ་ཞུགས་བྱས་མེད་པའི་ཆབ་སྲིད་བཙོན་ཟུར་གསུམ་ལ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པ་ནས་སྔ་ལོ་ཟླ་༡༠ནང་ཕྱི་ཕྱོགས་སུ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་ཚེ་བཙོན་ནས་ལོ་༨ཡན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ཁོང་གསུམ་ནི་རྒྱུན་གཏན་ནས་ལྷ་སར་གཏན་སྡོད་བྱེད་མཁན་ཡིན་ཞིང༌།སྔ་ལོ་ཟླ་༣ཚེས་༡༠ནས་བྱུང་བའི་ཞི་རྒོལ་སྐབས་སོ་སོའི་ལས་གནས་ཐོག་ཡོད་ཀྱང༌།གྲོང་ཁྱེར་ལྷ་སའི་བདེ་སྲུང་ཚན་པས་ཟླ་༣ཞི་རྒོལ་བྱུང་རྗེས་གློ་བུར་དུ་ཁྱིམ་ནས་བཙན་ཁྲིད་བྱས་ཏེ་གསང་ཡིབ་ཁུལ་དུ་ཡོད་པའི་གྲོང་ཁྱེར་ལྷ་སའི་བདེ་སྲུང་ཚན་པའི་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཏེ་ཚ་འདྲི་བྱས་རྗེས་མཐར་ཕྱི་ཕྱོགས་སུ་ཁྲིམས་འགལ་གྱི་ཐོག་ནས་གསང་གནས་མཁོ་སྤྲོད་བྱས་པའི་ཉེས་འཛུགས་བྱས་ཏེ་དུས་བཀག་བཙོན་འཇུག་མཐོ་པོ་བཏང་ཡོད་པ་རེད།ཆབ་བཙོན་ཟུར་པ་དེ་དག་ནི།

 དབང་འདུས་ལགས།རང་ལོ་༣༩ཙམ།སྐྱེས་ཡུལ་སྟག་རྩེ་རྫོང་ཁོངས།དེ་སྔ་གཙུག་ལག་ཁང་གི་གྲྭ་པ་ཡིན་པ་དང༌།ཕྱི་ལོ་༡༩༨༩ཟླ་༣ཚེས་༨ཉིན་ཞི་རྒོལ་རྗེས་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་༣བཟོས་ཏེ་གསང་ཡིབ་བཙོན་དུ་བསྐྱལ།༡༩༩༡ལོར་བཙོན་ཁང་ནང་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་བཞི་བཅུ་འཁོར་བར་དམིགས་ཏེ་བཙོན་པ་ཁག་གཅིག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་གཙོ་བོའི་སྣེ་ཁྲིད་པའི་གྲས་སུ་རྩིས་ཏེ་དུས་བཀག་བཙོན་འཇུག་ལོ་༤འཕར་མ་བཏང་སྟེ་གྲྭ་བཞི་བཙོན་དུ་བསྐྱལ།༡༩༩༧ལོར་ལོ་༧དུས་བཀག་གཙང་སྟེ་བཙོན་ནས་གློད་བཀྲོལ་བཏང་རྗེས་དེ་སྔ་ནས་དབྱིན་ཡིག་ཞོར་སྦྱོང་བྱས་པ་ལྟར།མུ་མཐུད་དབྱིན་ཡིག་ཞོར་སྦྱོང་དང་འབྲེལ་གཞུང་འབྲེལ་མིན་པའི་ཚོགས་པ་སྟེ་༵གྱགྲཆརེག་དུག་ན་ཚའི་སྐོར་སོགས་ལ་ལྷ་ས་ཁུལ་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་མུས་མ་ཟད།སྐྱ་བབས་ཏེ་བཟའ་ཟླ་དང་ཕྲུ་གུའང་ཡོད།སྔ་ལོ་ཟླ་༣ཚེས་༡༤གཡས་གཡོན་དུ་ལྷ་སའི་བདེ་སྲུང་ཚན་པས་ཁྱིམ་ནས་འཛིན་བཟུང་བྱས་ཏེ་མཐར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པ་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ཉེས་འཛུགས་བྱས་ཏེ་སྔ་ལོ་ཕྱི་ཟླ་༡༠པའི་ནང་ཚེ་གང་བཙོན་འཇུག་བྱེད་རྒྱུ་དང༌།ཚེ་གང་ཆབ་སྲིད་དབང་ཆ་ཕྲོགས་པའི་ཁྲིམས་ཐག་བཅད་དེ་ད་ཆ་བཙོན་ཁང་ཞིག་ཏུ་ཡོད་མུས་ཙམ་ལས་ནང་མི་སྤུན་མཆེད་སུ་གང་ཡང་ཐུག་འཕྲད་བྱ་བཅུག་གི་མེད་པས་གནས་སྟངས་གང་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད།

 ཕུན་ཚོགས་རྡོ་རྗེ་ལགས།རང་ལོ་༤༠ཙམ།སྐྱེས་ཡུལ་ལྷ་ས།དེ་སྔ་གངས་ལྗོངས་མགྲོན་ཁང་གི་ལས་བྱེད་ཡིན་པ་དང༌།ཕྱི་ལོ་༡༩༨༩ལོ་ཙམ་དུ་ཆབ་སྲིད་གནད་དོན་རྐྱེན་པས་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་༡༠བཟོས་ནས་གྲྭ་བཞིར་སྤོ་སྐྱེལ་བྱས་དེ་གར་སྡོད་རིང་མ་བྱན་གྱི་ལས་ཀ་བྱས་པ་སོགས་ལ་བརྟེན་ལོ་གཉིས་སྔ་བསྣུར་གློད་བཀྲོལ་ཐོབ།སྔ་ལོ་ཟླ་༣པའི་ལྷ་སའི་ཞི་རྒོལ་རྗེས་ལྷ་སའི་བདེ་སྲུང་ཚན་པས་ཁྱིམ་ནས་འཛིན་བཟུང་གིས་ཕྱི་ཕྱོགས་སུ་ཁྲིམས་འགལ་གྱིས་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པ་ནས་སྔ་ལོ་ཟླ་༡༠པའི་ནང་དུས་བཀག་བཙོན་འཇུག་ལོ་༩དང་ཆབ་སྲིད་དབང་ཆ་ལོ་༥ཕྲོགས་པའི་ཁྲིམས་ཐག་བཅད་དེ་ད་ཆ་བཙོན་ཁང་ཞིག་ཏུ་ཡོད་མུས་ཙམ་ལས་གཉེན་ཉེ་ཐུག་འཕྲད་སོགས་བྱ་བཅུག་གི་མེད་པས་གནས་སྟངས་གང་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད།

 ཚེ་དབང་རྡོ་རྗེ་ལགས།རང་ལོ་༤༠ཙམ།སྐྱེས་ཡུལ་ཁམས་ཚ་བ་དཔའ་ཤོད།རྗེས་སུ་ལྷ་ས་ཚེ་སྨོན་གླིང་ཁུལ་གཏན་སྡོད་བྱེད་ཀྱི་ཡོད།ལྷ་བྲིས་ཀྱི་ལག་རྩལ་ཧ་ཅང་ལེགས་པོ་ཡོད།ཕྱི་ལོ་༡༩༨༩ཟླ་༣པའི་ནང་ལྷ་སར་ཞི་རྒོལ་བྱུང་རྗེས་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་༣བཟོས་ཏེ་གསང་ཡིབ་བཙོན་དུ་བསྐྱལ།གློད་བཀྲོལ་རྗེས་སྔ་ལོ་ཟླ་༣པའི་ནང་ལྷ་སའི་ཞི་རྒོལ་རྗེས་ལྷ་སའི་བདེ་སྲུང་ཚན་པས་ཁྱིམ་ནས་འཛིན་བཟུང་གིས་མཐར་ཕྱི་ཕྱོགས་སུ་ཁྲིམས་འགལ་གྱིས་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པ་ནས་སྔ་ལོ་ཟླ་༡༠པའི་ནང་དུས་བཀག་བཙོན་འཇུག་ལོ་༨དང་ཆབ་སྲིད་དབང་ཆ་ལོ་༥ཕྲོགས་པའི་ཁྲིམས་ཐག་བཅད་དེ་ད་ཆ་བཙོན་ཁང་ཞིག་ཏུ་ཡོད་མུས་ཙམ་ལས་གཉེན་ཉེ་ཐུག་འཕྲད་སོགས་བྱ་བཅུག་གི་མེད་པས་གནས་སྟངས་གང་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད།

བཙན་བྱོལ་བོད་གཞུང་དྲ་ཚིགས་ནས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།