choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྟོང་འབར་དུ་བོད་མི་གཞན་ཞིག་གིས་རང་ལུས་ལ་གྲི་བརྒྱབ་སོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་༥ཚེས་༩ཉིན་སྤེལ། འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། མདོ་ཁམས་མཛོ་སྒང་སྟོང་འབར་ཡུལ་གྲོང་ཚོ་རུ་རྒྱ་ནག་གཞུང་གིས་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ་ཁུལ་དེའི་བོད་མི་ཚོས་ངོ་རྒོལ་ཤུགས་ཆེན་གནང་ཡོད་པ་དང༌། 

མདོ་ཁམས་མཛོ་སྒང་སྟོབས་འབངས་(འབོ་མི་)གེ་བར་གྲོང་ཚོ་རུ་རྒྱ་ནག་གཞུང་གིས་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ་ཁུལ་དེའི་བོད་མི་ཚོས་ངོ་རྒོལ་ཤུགས་ཆེན་གནང་ཡོད་པ་དང༌། ཟླ་༥ཚེས་༧ཉིན་གྱི་ཕྱི་དྲོར་ཁུལ་དེའི་ཛ་དྲག་གི་གནས་སྟངས་དང་རྒྱལ་གཅེས་དཔའ་བོ་འཕགས་པ་རྒྱལ་མཚན་ལགས་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའོ་གནས་ཚུལ་སོགས་ལ་བརྟེན་ནས་བོད་མི་གཞན་ཞིག་གིས་རང་ལུས་ལ་གྲི་བརྒྱབས་ནས་རྒྱ་གཞུང་གི་གཏེར་ཁ་རྔོག་འདོན་ལས་འཆར་ལ་ངོ་རྒོལ་གནང་རྗེས་སྨན་ཁང་དུ་ཛ་དྲག་ངང་གནས་ཡོད་འདུག

དེ་ཡང་ཟླ་༥ཚེས་༧ཉིན་གྱི་ཞོགས་པར་མདོ་ཁམས་མཛོ་སྒང་སྟོབས་འབངས་གྲོང་ཚོའི་རྒྱ་གཞུང་གི་རྒྱལ་མོ་རྔུལ་ཆུའི་ཉེ་འགྲམ་དང་ས་གནས་གེ་ཨར་གྲོང་དུ་གསེར་གྱི་གཏེར་ཁ་སྔོག་འདོན་ལས་འཆར་ཡོད་པའི་ཐད་ཡུལ་མི་ཚོས་ངོ་རྒོལ་སྐད་འབོད་ཤུགས་ཆེན་གནང་ཡོད་པ་དང༌། ཟླ་༥ཚེས་༧ཉིན་རང་ལོ་༣༩ཡིན་པའི་རྒྱལ་གཅེས་དཔའ་བོ་འཕགས་པ་རྒྱལ་མཚན་ལགས་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག བོད་རང་བཙན་དགོས། བོད་ནང་དུ་རང་དབང་མི་འདུག་ཅེས་སོགས་འབོད་ཚིག་བསྒྲགས་དུས་རྒྱ་མར་ཟིན་གྲབས་བྱས་དུས་༼རྒྱ་ཁྱེད་ཚོའི་ལག་པར་འཆི་བ་ལས་ང་རང་རང་སྲོག་གཅོད་པ་དགའ་ཅེས་ངོ་རྒོལ་སྐད་འབོད་གནང་བ་དང་ཆབས་ཅིག་རང་ལུས་ལ་གྲི་ཐེངས་གསུམ་བརྒྱབས་ནས་སྟོབས་འབངས་གྲོང་དུ་ཡོད་པའི་རྒྱ་གཞུང་གི་ཁང་པ་ཐོག་བརྩེགས་ཅན་ཞིག་གི་རྩེ་ཐོག་ནས་མར་མཆོངས་ཏེ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

དེ་རྗེས་རིག་འཛིན་དང་ཡུལ་མི་འགས་ཁོང་གི་སྐུ་ཕུང་ནང་ལ་སྐྱེལ་ཡོད་པ་དང༌། ཉིན་དེའི་ཕྱི་དྲོར་ཁུལ་དེའི་ཛ་དྲག་གི་གནས་སྟངས་དང་རྒྱལ་གཅེས་དཔའ་བོ་འཕགས་པ་རྒྱལ་མཚན་ལགས་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའོ་གནས་ཚུལ་དང་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་སོགས་ལ་བརྟེན་ནས་རིན་འཛིན་ལགས་ནས་འཕགས་པ་རྒྱལ་མཚན་གྱི་ཁང་ཐོག་ཏུ་རང་ལུས་ལ་གྲི་བརྒྱབས་ནས་ཁང་པའི་རྩེ་ཐོག་ནས་མཆོང་གྲབས་བྱེད་བཞིན་པའི་སྐབས།  དེ་མ་ཐག་ཡུལ་མི་ཚོས་ཁོང་གི་ངོ་རྒོལ་གནང་བཞིན་པར་བཀག་འགོག་གནང་ནས་ཆབ་མདོ་སྨན་ཁང་ཞིག་ཏུ་སྐྱེལ་ཡོད་ཀྱང༌། ད་ལྟའི་འཆར་ཛ་དྲག་གི་གནས་སྟངས་འོག་ལུས་ཡོད་ཅེས་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་སོང༌།

འབྲེལ་ཡོད་མི་སྣ་དེས་མུ་མཐུད་གསུངས་དོན། རིག་འཛིན་ལགས་ནི་ཕོ་ལོ་༣༤ཡས་མས་ཡིན་པ་དང༌། ཁོང་ལ་ཡང་ཟླ་བ་༥་ལ་སོན་པའི་ཕྲུ་གུ་ཞིག་ཡོད་པ་རེད། རིན་འཛིན་ལགས་ཀྱིས་དཔའ་བོ་འཕགས་པ་རྒྱལ་མཚན་ལགས་སྐུ་འདས་གྲོངས་སུ་ཕྱིན་པར་སེམས་ཀྱིས་མ་བཟོད་པ་དང༌། གདུང་སེམས་མཉམ་སྐྱེས་ཞུ་ཆེད། ཡུལ་མི་ཚོས་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་གྱི་ངོ་རྒོལ་ལ་རྒྱབ་སྐྱོར་སོགས་ཀྱི་ཆེད་རང་ལུས་ལ་གྲི་གསུམ་བརྒྱབས་ནས་རང་སྲོག་གཅོད་རྩིས་བྱེད་ཡོད་པ་རེད། འོན་ཀྱང་གླུ་བུར་དུ་གྲོང་མི་འགས་བཀག་འགོག་བྱས་ནས་མྱུར་སྐྱོབ་མོ་ཊར་བླུགས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ནང་སྐྱེལ་སོང་ཞེས་དང༌། ད་ལྟའི་འཆར་ཁོང་གི་གནས་སྟངས་ཛ་དྲག་དང༌། རྒྱ་ནག་གཞུང་གི་ཉེན་རྟོགས་པས་སྨན་ཁང་གི་མཐའ་སྐོར་ནས་འདུག་ལ། ཁོང་གི་ནད་གཡོག་ལའང་སོ་ལྟ་བྱེད་བཞིན་འདུག་ཅེས་འགྲེལ་བརྗོད་གནང་སོང༌།

ཛ་དྲག་གི་གནས་ཚུལ་རྣསམ་གང་སར་མི་ཁྱབ་པའི་ཆེད་དུ་ཁུལ་དེར་ཡོད་པའི་རྒྱ་གཞུང་གིས་བོད་མི་ཚོར་དམ་དྲག་དང་དྲག་གནོན། འཇིགས་སྐུལ་དང་སླུ་ཁྲིད་སོགས་ལས་གཏེར་ཁ་སྔོག་འདོན་ལས་འཆར་བསྒྲུབ་ཐབས་བྱེད་བཞིན་ཡོད་པ་དང༌།

གཞུང་གི་ལས་བྱེད་པས་བོད་མི་ཚོར་ཁ་པར་གང་སར་བཏང་མི་བཅུགས་པ་དང་སྐད་འཕྲིན་སྔོག་བཤེར་གྱིས་བཀག་པ། ཡུལ་མི་ཚོའི་ཁ་པར་གྱི་ཨང་གྲངས་ཕབ་བཤུས་བསྡུ་ལེན་སོགས་བྱས་ནས་མི་དབར་གྱི་འབྲེལ་འཐུད་ཡོངས་རྫོགས་བཀག་ཟིན་ཡོད་འདུག

དེར་བརྟེན་རིན་འཛིན་ལགས་ཁོང་གི་གནས་ཚུལ་ཞིབ་ཕྲ་རྣམས་དང༌། ལྷག་པར་དུ་ཁུལ་དེའི་ཛ་དྲག་གི་གནས་ཚུལ་རྣམས་འཐུས་སྒོ་ཚང་བ་ཞིག་ད་ལྟའི་འཆར་ཕྱིར་སྤྲོད་བྱེད་ཐུབ་ཀྱི་ཡོད་པ་མ་རེད། མདོར་ན་ཟླ་༥ཚེས་༧གྱི་ཕྱི་དྲོ་ནས་ད་བར་རིན་འཛིན་ལགས་འཆི་སོན་གང་ཡིན་གྱི་གནས་ཚུལ་ཆ་ཚང་ཤེས་རྟོགས་མེད་པར་ཆབ་མདོ་གྲོང་ཁྱེར་སྨན་ཁང་དེའི་ནང་ལུས་ཡོད་པའི་གནས་ཚུལ་ཐོན་འདུག་ལ། ཟླ་༥ཚེས་༩་དང་༡༠ཉིན་སྟོབས་འབངས་གྲོང་ཚོར་བོད་མི་རྒན་གཞོན་བར་གསུམ་ནས་ངོ་རྒོལ་མུ་མཐུད་གནང་ནས་སྡོད་ཡོད་འདུག  ད་ལྟ་ཆར་ཁོ་ཚོའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།