choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་སློབ་སྒོ་བརྒྱབ་པ་དང་སློབ་དགེ་ལོ་༡༣ཡི་ཁྲིམས་ཐག་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་༥ཚེས་༨ཉིན་སྤེལ།ྭ བོད་ནས་གནས་ཚུལ་ཐོན་པར་གཞིགས་ན།ྭ བོད་ནང་དུ་སྒེར་བཙུགས་སློབ་གྲྭ་ཞིག་སྒོ་བརྒྱབ་པ་དང་སློབ་གྲའི་དགེ་རྒན་ཞིག་འཛིན་བཟུང་གིས་མི་ལོ་༡༣་གྱིས་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་སྐོར་གྱི་གནས་ཚུལ་ཐོན་འདུག

དེ་ཡང་འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན།ྭ བོད་མདོ་སྨད་ཚོ་སྔོན་རྨ་ལྷོ་ཁུལ་གཅན་ཚ་རྫོང་བྲག་ཁང་སྣ་ཁ་སྡེ་བའི་ནང་དུ་ཡོད་པའི་སྒེར་བཙུགས་སློབ་གྲྭ་༼རྨ་ལྷོ་ཁུལ་གཅན་ཚ་རྫོང་ལས་རིག་ལག་རྩལ་ཡན་ལག་སློབ་གྲ་༽ཞེས་པ་རྒྱ་གཞུང་གིས་སྒོ་བརྒྱབ་པ་མ་ཟད། སློབ་གྲའི་དགེ་རྒན་ཞིག་འཛིན་བཟུང་གིས་མི་ལོ་༡༣་གྱིས་དུས་བཀག་བཙོན་འཇུག་གི་ཁྲམས་ཐག་བཅད་ཡོད་འདུག

སྒེར་བཙུགས་སློབ་གྲ་དེ་ནི་ཕྱི་ལོ་༢༠༠༣ལོའི་ཟླ་༨་ཚེས་༢་ཉིན་དངོས་སུ་སློབ་མ་བསྡུ་ལེན་གྱིས་སློབ་ཁྲིད་འགོ་འཛུགས་ཞུས་ཡོད་པ་དང༌།ྭ སློབ་གྲ་དེའི་ནང་གི་སློབ་མ་རྣམས་ནི་བོད་ཁུལ་གྱི་ནང་མི་ཉམས་ཐག་གི་བུ་ཕྲུག་རྣམས་དང་ལྷག་པར་དུ་ཕ་མ་མེད་པའི་ད་ཕྲུག་གི་རིགས་ནས་བསྡུ་ལེན་ཞུས་ཡོད་པ་རེད། ཅེས་གནས་ཚུལ་དུ་བཀོད་འདུག

མུ་མཐུད་དུ་བཀོད་དོན།ྭ སློབ་མའི་ཡོངས་ཁུངས་ཀྱང་དབའ་རིའི་སུམ་མདོ་ཕྱོགས་དང་ཟི་ཁྲོན་ཞིན་ཆེན་མཛོད་དགེ་ཕྱོགས། གཅན་ཚ་ཕྱོགས།ྭམཚོ་ལྷོ་ཁུལ་སོགས་ནས་བསྡུ་ལེན་ཞུས་ཏེ་སློབ་མཚན་སུམ་རྟགས་དག་གསུམ།ྭ བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་སྲོལ་རྒྱུན་སྨན་སོགས་ལ་སློབ་ཁྲིད་གནང་བཞིན་ཡོད་པའི་སྒང་ཡིན་པ་དང༌།ྭ ད་དུང་དགེ་རྒན་རྣམས་ལ་སློབ་གྲའི་ངོས་ནས་བཞུགས་གནས་ཟླ་རེའི་གླ་ཕོགས་སོགས་མཐུན་རྐྱེན་གང་ཡོད་འབུལ་བཞིན་ཡོད་འདུག

ཐོགས་མར་སློབ་གྲྭ་དེའི་མིང་ལ་༼བཤད་སྒྲུབ་ཉི་ཤར་གླིང་༽ཞེས་བཏགས་ཡོད་ན་ཡང་རྒྱ་ནག་ས་གནས་སྲིད་གཞུང་རིམ་པའི་ལས་བྱེད་ཚོས་སུན་གཙེར་ཡང་ཡང་བཟོས་པ་ལ་བརྟེན་རྗེས་སུ་༼རྨ་ལྷོ་ཁུལ་ལས་རིག་ལག་རྩལ་སློབ་གྲའི་གཅན་ཚ་ཡན་ལག་སློབ་གྲྭ་༽ཞེས་མིང་བསྒྱུར་གྱིས་རྒྱ་གཞུང་གི་མཆོག་མཆན་ཐོབ་པ་ཇི་བཞིན་བདག་གཉེར་ཞུས་ཡོད་པ་རེད།ྭ ཅེས་གསལ་འདུག

འདི་ག་གསར་ཁང་ལ་མུ་མཐུད་གསུངས་དོན།ྭ ཕྱི་ལོ་༢༠༠༧་ནས་བཟུང་བོད་སྨན་གྱིས་སྐོར་སློབ་ཁྲོད་བྱེད་འགོ་ཚུགས་ཏེ་༢༠༡༣ལོའི་ཟླ་༤ཚེས་༢༥་ཉིན་སློབ་གྲ་དེར་རྒྱ་གཞུང་གི་ལས་བྱེད་མི་སྣ་ཆེད་མངགས་ཀྱིས་ཡོང་སྟེ་སློབ་གྲྭ་སྒོ་བརྒྱག་བཅུག་ཡོད་པ་མ་ཟད།ྭ སྐབས་དེར་སློབ་གྲྭའི་དགེ་རྒན་ཕ་ཡུལ་རེབ་གོང་ནས་ཡིན་པ་དགེ་འཕགས་པ་ཐར་ཞུ་བ་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་ལ།ྭ རྗེས་སུ་ཁོང་ལ་མི་ལོ་༡༣་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

གཞན་ཡང་སློབ་གྲྭ་དེ་སྒོ་རྒྱག་སྐབས་སུ་སློབ་གྲ་དེའི་དགེ་རྒན་གཞན་རྣམས་ཀྱང་འཛིན་བཟུང་གིས་འདྲི་རྩད་བཀག་ཉར་བྱས་ཡོད་ཀྱང༌།ྭ ཁོང་རྣམས་རྗེས་སུ་གློད་གྲོལ་བཏང་ཡོད་པ་རེད།ྭ སློབ་གྲྭ་སྒོ་རྒྱག་སྐབས་སློབ་གྲྭའི་ནང་གི་རྩིས་འཕྲུལ་དང་དཔེ་དེབ་སོགས་ལ་གྱོང་གུད་ཁ་གསུབ་ཡིན་ཚུལ་བརྗོད་བཤད་ནས་རྒྱ་གཞུང་གིས་རྒྱ་སྒོར་ཁྲི་༤༠་མ་ཟིན་ཙམ་མར་སྤྲད་པ་དང༌།ྭ སློབ་གྲྭའི་དགེ་རྒན་རེ་ལ་རྒྱ་སྒོར་སྟོང་༣རེ་སྤྲད་ནས་ཕྱིར་རང་ཁྱིམ་དུ་ལོག་དགོས་པའི་བཙན་བཀའ་བཏང་ཡོད་པ་དང༌།ྭ དེ་བཞིན་སློབ་མ་རྣམས་ལའང་ཕྱིར་རང་ཁིམ་དུ་ལོག་འགྲོ་དགོས་པ་བཀའ་བཏང་ནས་ལོག་ལམ་གྱི་རླུང་འཁོར་གླ་དོད་ཀྱང་རྒྱ་གཞུང་རང་ངོས་ནས་སྤྲད་ཡོད་པ་རེད།ྭ བོད་མིའི་སྒེར་བཙུགས་སློབ་གྲྭ་དེའི་ནང་དུ་སྐབས་དེར་སློབ་མ་༦༨་དང་དགེ་རྒན་༡༠ཡོད་འདུག

རྒྱ་གཞུང་གི་མི་སྣ་རུ་ཁག་ཅིག་སློབ་གྲྭ་རུ་སླེབས་ནས་སློབ་མ་རྣམས་རང་ཁྱིམ་དུ་ལོག་བཅུག་སོང་ལུགས་དང༌། སྤྱིར་ན་སློབ་གྲྭ་དེའི་ནང་དུ་དགེ་རྒན་དང་སློབ་སྦྱོང་གི་གོ་སྐབས་ལེགས་པོ་ཡོད་པ་དང་། གང་ཅིའི་ཐད་ནས་མཐུན་རྐྱེན་བཟང་བ་ཡོད་ལུགས་སློབ་གྲ་དེའི་ནང་ནས་ཕྱིར་ཕུལ་བཏང་ཟིན་པའི་སློབ་མ་ཞིག་གིས་འགྲེལ་བརྗོད་བྱས་འདུག

སློབ་གྲྭ་དེའི་ངོས་ནས་ད་བར་ཆབ་སྲིད་དང་འབྲེལ་བའི་ལས་ཀ་གང་ཡང་བྱས་མྱོང་མེད་མོད། ད་ལྟར་རྩ་གཏོར་བཏང་ཚར་བ་རེད་ལ།ྭ ད་ལྟའི་འཆར་ཁང་སྲུང་བ་ཞིག་ཀྱང་ཡོད་པ་མ་རེད། ཅེས་ཁོང་གིས་བློ་ཕམ་ཆེན་པོའི་ངང་ནས་མུ་མཐུད་བཤད་འདུག

སྤྱིར་སློབ་གྲྭ་དེ་ཐོག་མར་གསར་འཛུགས་གནང་སྐབས་ནས་བཟུང་རིམ་བཞིན་ཡར་རྒྱས་སུ་བཏང་ཐུབ་ཡོད་ལ། དཀའ་ཚེགས་དུ་མ་བརྒྱུད་རྒྱ་སྒོར་ཁྲི་༢༠༠་ནས་༣༠༠བར་གྱི་འགྲོ་གྲོན་བཏང་ནས་བྱུང་བ་ཞིག་ཡིན་མོད། ད་ལྟ་དེ་འདྲའི་བློ་ཕམ་གྱི་གནས་ཚུལ་དེ་བྱུང་ཡོད་པ་བཅས་གནས་ཚུལ་མདོར་བསྡུས་སུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།