choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

འཕྲལ་སེལ་དགེ་རྒན་གྱི་ཞུ་གཏུག་གོམ་བགྲོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༥།༠༨ཉིན་སྤེལ། རེབ་གོང་ནས་ཟི་ལིང་བར་གོམ་བགྲོད་བྱས་ཏེ་ཞིང་ཆེན་སྲིད་གཞུང་ལ་དཀའ་ངལ་ཞུ་ གཏུག་བྱེད་དུ་སོང་ཡོད་ཀྱང་། ས་གནས་མགོ་ཁྲིད་དང་ཁུལ་དཔོིན་བཅས་ཀྱིས་དགོས་འདུན་ཅི་ཡོད་ལག་བསྟར་བྱེད་པའི་ སྐད་ཆ་བྱུང་སྟེ་དགུ་རོང་ཁོག་ནས་ཕྱིར་ལོག་བྱུང་ཡོད་འདུག

ཕྱི་ཚེས་༠༧གྱི་སྔ་དྲོ། རེབ་གོང་ཐུན་རིན་རྫོང་གི་འཕྲལ་སེལ་དགེ་རྒན་ ༡༦༠ ཙམ་གྱིས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཀླུ་རྒྱལ་ལ་དགེ་རྒན་དང་དམངས་ཚོགས་ཀྱིས་ལོ་མང་རིང་དགེ་རྒན་བྱ་བའི་ལས་ཀར་ཞུགས་ཀྱང་། དུས་བབ་དང་མཐུན་པའི་ཟླ་ཕོགས་མ་བྱུང་བར་ལོ་ངོ་བཅུ་ཕྲག་རིང་ཁ་སྙན་པོ་རེ་བཤད་བསྡད་པས། རེབ་གོང་ནས་ཟི་ལིང་བར་གོམ་བགྲོད་བྱས་ཏེ་ཞིང་ཆེན་སྲིད་གཞུང་ལ་དཀའ་ངལ་ཞུ་གཏུག་བྱེད་དུ་སོང་ཡོད་ཀྱང་། ས་གནས་མགོ་ཁྲིད་དང་ཁུལ་དཔོིན་བཅས་ཀྱིས་དགོས་འདུན་ཅི་ཡོད་ལག་བསྟར་བྱེད་པའི་སྐད་ཆ་བྱུང་སྟེ་དགུ་རོང་ཁོག་ནས་ཕྱིར་ལོག་བྱུང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན། རྨ་ལྷོ་ཁུལ་དང་ཐུན་རིན་རྫོང་སྲིད་གཞུང་མདུན་དུ། མཚོ་སྔོན་ཞིང་ཆེན་རྨ་ཁུལ་ཐུན་རིན་རྫོང་ཁོངས་ཀྱི་འཕྲལ་སེལ་དགེ་རྒན་ ༡༦༠ ཙམ་འདུ་འཛོམས་ཀྱིས། ཡུན་རིང་འཕྲལ་སེལ་གྱི་ངོ་བོར་བཞག་པའི་ལས་བྱེད་རྣམས་བརྟན་འཇགས་བཟོ་དགོས་པ་དང་། ལས་བྱེད་སྤྱི་མཚུངས་ལྟར་གླ་ཕོགས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་བཏོན་ཏེ་ཞུ་གཏུག་བྱས་ཡོད་ཀྱང་། ཁུལ་དང་རྫོང་སྲིད་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་མ་སྤྲད་པར་བརྟེན། ཞིང་ཆེན་སྲིད་གཞུང་ལ་ཞུ་གཏུག་བྱེད་དུ་འགྲོ་དགོས་བྱུང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།