choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཁམས་སོག་རྫོང་མི་གཉིས་འཛིན་བཟུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༤།༡༧ཉིན་སྤེལ། ཕྱི་ཟླ་༤ པའི་ཚེས་༦ ཉིན་ཁམས་སོག་རྫོང་དྲིལ་མདའ་དགོན་པའི་གྲྭ་བསྟན་གྲགས་དང། ན་གཞོན་ཕུར་བུ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་སོག་རྫོང་དུ་ཁྲིད་ཡོད་ འདུག

དེ་བཞིན་ཁྲི་རུ་གྲོང་ཚོ་བཞི་པའི་འགོ་ཁྲིད་ཁྲི་འདུས་ཟེར་བ་ཞིག་དང་ཟླ་གྲགས་ཟེར་བ་གཉིས་ནག་ཆུ་ནས་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་གང་དུ་བཙོན་འཇུག་བྱས་མིན་ཤེས་རྟོགས་མེད་པ་རེད་འདུག དེང་སྐབས་ཁྲི་རུ་ཡུལ་ཚོ་གྲོང་མི་རྣམས་ཀྱིས་སྒེར་གྱི་རླངས་འཁོར་ཆེད་ཉོས་པའི་སྣུམ་ཚང་མ་གཞུང་བཞེས་བྱས་ཏེ་སྦག་སྦག་དང་མོ་ཊར་སྣུམ་རྒྱག་སྐབས་ཐོབ་ཐང་དཔང་ཡིག་སྟོན་དགོས་པ་བཟོས་ཡོད་འདུག དེ་ནི་རང་སྲེག་ངོ་རྒོལ་འབྱུང་སྲིད་པའི་སྔོན་འགོག་ཡིན་འདུག

དེ་བཞིན་ཁྲི་རྡོ་ཡུལ་ཚོའི་གྲོང་ཚོ་བཞི་པའི་མི་མང་གི་ཚོང་ཁང་དང་ཟ་ཁང་མང་པོ་ཡོད་པ་དག་གཏོར་ནས་ཤང་སྲིད་གཞུང་གི་ཁང་པ་རྒྱག་བཞིན་པ་དང་། ད་ལྟའི་ཆར་ས་གནས་སུ་དམ་དྲག་ཆེ་བར་བརྟེན་དུས་ཐོག་གི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་ནི་ལྕགས་ཟམ་ཟམ་ཁར་རང་བཙན་སྦྱར་ཡིག་ཐོན་པ་དེ་བརྩད་བཅོད་མ་ཐུབ་པར་གང་བྱུང་འཇུ་བཟུང་བཙོན་འཇུག་བྱེད་བཞིན་པ་རེད་འདུག་ཅེས་བོད་ནས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་སོང་།

གྲྭ་བསྟན་གྲགས་དང་མི་སྐྱ་ཕུར་བུ། རབ་གསལ་གསུམ་དེ་སྔོན་༢༠༡༢ ཟླ་༤ ནང་ལ་རྒྱ་གཞུང་གིས་དགོན་པར་མངགས་གཏོང་བྱས་པའི་ལས་བྱེད་རྣམས་ཀྱི་སྡོད་ཁང་གི་སྒོ་བྱང་བཅག་གཏོར་བྱེད་མཁན་ཡིན་པའི་དོགས་གཞིའི་འོག་འཇུ་བཟུང་བྱེད་མྱོང་བ་དང་། བདུན་ཕྲག་གཅིག་མ་ཟིན་ཙམ་ལ་བཀག་ཉར་ཚ་འདྲི་བྱས་ནས་ཕྱིར་བཏང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།