choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གྲྭ་བཙུན་ ༡༠ ལ་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤/༠༤/༡༠ཉིན་སྤེལ། ཟླ་འདིའི་ཚེས་ ༣ ཉིན་ལྷ་སའི་གཙུག་ལག་ཁང་དུ་ ༢༠༡༤ ལོའི་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་འཁྱེར་སྤྲོད་པའི་མཛད་སྒོ་ཞིག་ཚོགས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ལྗོངས་རླུང་འཕྲིན་དྲ་བར་གནས་ཚུལ་སྤེལ་བའི་གནས་ཚུལ་དེའི་ནང་བཀོད་དོན། གཞུང་བཀའ་པོད་ལྔའི་དགོངས་དོན་གཞིར་བྱས་པའི་ཆོས་རྩོད་དྲག་པོ་བྱས་མཐར་སེ་འབྲས་དགེ་གསུམ་བཅས་དགེ་ལུགས་པའི་དགོན་པ་གཙོ་ཁག་ནས་ཕེབས་པའི་གྲྭ་བཙུན་ ༡༠ ལ་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་འདུག

ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ལགས་ཀྱིས་གྲྭ་བཙུན་བཅུ་བོར་ལག་ཁྱེར་དང་བྱ་དགའ་གནང་ཞིང་། ཁོང་གིས་ལོ་འདིར་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་པའི་གྲྭ་བཙུན་རྣམ་པ་ནི་གཞུང་བཀའ་པོད་ལྔ་ལ་བྱང་ཆ་ལྡན་ཞིང་ཤེས་ཡོན་ཆེ་བ་ཤ་སྟག་ཡིན་ཞེས་གསུངས། ཞེས་བཀོད་འདུག

གནས་ཚུལ་ནང་མུ་མཐུད་དུ། ༢༠༠༥ ལོའི་དགེ་བཤེས་ལྷ་རམས་པའི་རྒྱུགས་ལེན་<ལམ་ལུགས་སླར་གསོ་བྱས་པ་ནས་བཟུང་ད་ལྟའི་བར་བོད་ལྗོངས་སུ་གྲྭ་བཙུན་ ༧༤ ཡིས་དགེ་བཤེས་ལྷ་རམས་པའི་ཡོན་གནས་བླངས་ཡོད་པ་རེད། ཅེས་སོགས་བཀོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།