choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་སྐད་ཡིག་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་གཏོང་རྒྱུ་ཡིན་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་༤ཚེས་༩ཉིན་སྤེལ། བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ལྗོངས་ཀྱིས་བསམ་འཆར་གཏན་འབེབས་བྱས་ནས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་གཏོང་རྒྱུ་ཡིན་ཚུལ་ཉེ་ཆར་གནས་ཚུལ་ཞིག་སྤེལ་འདུག དེ་ཡང་གནས་ཚུལ་དེའི་ནང་དུ་འཁོད་དོན། ༼ན་ནིང་ལོའི་ཟླ༩པའི་ཚུན་ལ།  རང་ལྗོངས་ཀྱིས་ལྗོངས་ཡོངས་སུ་དུས་ཡུན་ལོ་གཅིག་རིང་གི་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དུ་གཏོང་པའི་ལས་དོན་སྤེལ་བ་རེད། བྱེད་སྒོ་དེ་བརྒྱུད།  སྤྱི་ཚོགས་ཡོངས་སུ་བོད་སྐད་ཡིག་སློབ་སྦྱོང་དང༌།  བཀོལ་སྤྱོད།  འཕེལ་རྒྱས་གཏོང་པའི་ཚ་རླབས་ཤིག་འཕྱུར་བས། འབྱུང་འགྱུར་རང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ཚན་རིག་རང་བཞིན་གྱིས་ཚད་ལྡན་འཕེལ་རྒྱས་ཡོང་པར་རྨང་གཞི་བརྟན་པོ་བསྐྲུན་ཡོད།   ཉེ་ལམ་བསྡུས་པའི་ལྗོངས་ཡོངས་ཀྱི་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དུ་གཏོང་པའི་ལས་དོན་གྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་འདུའི་སྟེང༌། ལྗོངས་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང(ཡིག་སྒྱུར་ཅུད)ཀྱི་ཅུད་ཀྲང་ངམ་ལྗོངས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་བཅོས་སྒྱུར་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ནོར་བུ་དོན་འགྲུབ་ཀྱིས་བསྟན་དོན། ལྗོངས་ཡོངས་ཀྱི་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དུ་གཏོང་པའི་ལས་དོན་ལ་ཕན་འབྲས་ལོན་ཡོད་པ་དང་མཉམ་དུ།  ད་དུང་མི་འདང་ས་དང་གནད་དོན་ཁ་ཤས་གནས་ཡོད།  རྗེས་ཕྱོགས།   རང་ལྗོངས་ཀྱིས་འགན་ཁུར་ལ་ཤུགས་སྣོན་དང༌།  བྱེད་ཐབས་ལག་བསྟར།  གནད་དོན་ཐག་གཅོད་བཅས་བྱས་ནས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་གི་དོ་དམ་ལས་དོན་དེ་བཅའ་ཁྲིམས་ཅན་དང༌།  ཚད་ལྡན་ཅན།  རྒྱུན་ལྡན་ཅན་དུ་གཏོང་པ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན།  དུས་ཡུན་ལོ་གཅིག་རིང་གི་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དུ་གཏོང་པའི་ལས་དོན་ལ་མཚོན་ན། རང་ལྗོངས་སུ་ད་ལོའི་ཚུན་ལ་ཞིབ་བཤེར་ཤུགས་ཚད་ཆེས་ཆེ་ཞིང༌།  བཅོས་སྒྱུར་ཕན་འབྲས་མངོན་གསལ་ཡིན་པ།  སྤྱི་ཚོགས་གླེང་ཕྱོགས་ཀྱང་ཆེས་ལེགས་པའི་བྱེད་སྒོ་ཤིག་ཡིན་པས། རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་ཁས་ལེན་གང་ལེགས་ཐོབ་ཅིང་ལྗོངས་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བསྟོད་བསྔགས་ཆེན་པོ་གནང་ཡོད།  ཡིན་ན་ཡང་ད་དུང་མི་འདང་སའི་གནད་དོན་དག་སྣང་མེད་དུ་འཇོག་མི་རུང་སྟེ།  དེ་དག་ནི་གཙོ་བོ་ས་གནས་བྱེ་བྲག་པ་ཁ་ཤས་དང་སྡེ་ཁག་འགོ་ཁྲིད་ཀྱིས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དུ་གཏོང་པའི་ལས་དོན་ལ་བསམ་བློའི་ངོས་ཟིན་ལེགས་པོ་ཐོབ་མེད་པས་རྐྱེན་ལས་བྱུང་བ་རེད།  དེས་འགུལ་སྐྱོད་དལ་ཞིང༌།  བྱེད་ཐབས་ཤུགས་ལྡན་འདོན་མི་ཐུབ་པ་དང་གྲུབ་འབྲས་ལེགས་པོ་ཡང་འབྱུང་མི་ཐུབ་པའི་འགོག་རྐྱེན་ཞིག་ཏུ་གྱུར་བའི་དུས་མཚུངས་སུ།  ཞིབ་བཤེར་དང་བཅོས་སྒྱུར་མཐིལ་བྱེད་མི་ཐུབ་པ་དང༌། དྲིལ་སྒྲོག་བྱ་བ་གཏོང་ཟབ་མིན་པ།   ཕན་ཡུན་རིང་པའི་ལམ་ལུགས་དང་སྒྲིག་ལམ་འཐུས་ཚང་མིན་པ།   བོད་སྐད་ཡིག་གི་འགན་ནུས་སྡེ་ཁག་གི་ནུས་པ་འཛུགས་སྐྲུན་རྗེས་སུ་ལུས་པ་ལ་སོགས་པའི་མི་འདང་ས་དང་སྐྱོན་ཅི་རིགས་གནས་ཡོད།

རང་སྐྱོང་ལྗོངས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཞིབ་བཤེར་བཅོས་སྒྱུར་ལས་དོན་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་འགན་ཁུར་པས་བསྟན་དོན།  དུས་ཡུན་ལོ་གཅིག་རིང་གི་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དུ་གཏོང་པའི་ལས་དོན་གྱིས་ར་སྤྲོད་བྱས་པར། བསམ་བློའི་ངོས་འཛིན་དོན་འཁྱོལ་དང༌།  འགོ་ཁྲིད་ཀྱིས་མཐོང་ཆེན་མཛད་པ་དག་ལ་བྱ་བའི་ནུས་ཤུགས་ཀྱང་ཆེ་ལ་གྲུབ་འབྲས་ཀྱང་མངོན་གསལ་ལོན་ཐུབ་ཡོད།  དེ་ལས་ལྡོག་ན་ཕན་འབྲས་ཆེན་པོ་ཞིག་འབྱུང་མི་ཐུབ།  དེའི་ཕྱིར།  རིམ་པ་རྗེས་མར།  རང་ལྗོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འགན་ཁུར་ལ་ཤུགས་སྣོན་དང༌།  བྱེད་ཐབས་ལག་བསྟར།  གནད་དོན་ཐག་གཅོད་བཅས་བྱས་ནས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་གི་དོ་དམ་ལས་དོན་དེ་བཅའ་ཁྲིམས་ཅན་དང༌།  ཚད་ལྡན་ཅན།  རྒྱུན་ལྡན་ཅན་དུ་བཏང་སྟེ། བསམ་བློའི་ངོས་ཟིན་སྔར་ལས་མཐོར་འདེགས་བྱེད་རྒྱུ་མ་ཟད།   ལས་དོན་དེའི་རིམ་པ་སོ་སོའི་ཏང་ཨུད་དང༌།  སྲིད་གཞུང་གི་བྱ་བཞག་གལ་ཆེན་གྱི་གྲོས་རིམ་ཉིན་ཐོའི་ནང་དུ་བླངས་ནས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་དང༌།  དོན་དངོས་གནད་དོན་ཐག་གཅོད།  ལས་དོན་ནན་ཏན་གྱིས་ལག་བསྟར་བཅས་བྱས་ནས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཅན་གྱི་ཁོར་ཡུག་བསྐྲུན་པ་འབད་བརྩོན་བྱེད་རྒྱུ་དང༌།   བཅོས་སྒྱུར་ལས་དོན་སྔར་ལས་གཏིང་ཟབ་སྤེལ་ནས།   ནན་ཏན་གྱིས“ཕྱིར་བལྟ”བྱས་ནས་ཆད་ལྷག་ཡོད་པ་དག་ལ་ཁ་གསབ་བྱས་ནས་གནད་དོན་གཅིག་ཀྱང་མེད་པ།  ནོར་འཁྲུལ་ཅི་ཡང་མེད་པའི་བྱ་བ་དོན་འཁྱོལ་བྱས་ནས་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་རྒྱུ་དང༌། ཕན་ཡུན་རིང་པའི་ལམ་ལུགས་བཙུགས་ནས།  ཉམས་མྱོང་དང་སྒྲུབ་སྟངས་ལེགས་པོར་སྤྱི་སྡོམ་བྱས་ཏེ།  རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་བཅའ་ཁྲིམས་ཚད་ཐིག་ཏུ་བཟུང་ནས།  སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཐབས་ཀྱི་ཉམས་མྱོང་བསྡུ་ལེན་གང་ལེགས་བྱེད་པ་དང་མཉམ་དུ།  འབྲེལ་ཡོད་བསམ་འཆར་མགྱོགས་པོར་གཏན་འབེབས་བྱས་ཏེ་ཁྱབ་བསྒྲགས་དང༌།  བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཡིག་སྒྱུར་གྱི་གནད་འགག  སྒྲིག་བཟོའི་གནད་འགག   ཞིབ་བཤེར་ཆོག་མཆན་གྱི་གནད་འགག་བཅས་དམ་འཛིན་གང་ལེགས་བྱེད་རྒྱུ་དང༌།  འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་བྱས་ནས་མི་ཤུགས་དང༌།  དངོས་ཤུགས།  རྒྱུ་ཤུགས་ཀྱི་ཐད་ནས་རྒྱབ་སྐྱོར་གནང་ཏེ་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དུ་གཏོང་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།༽ ཞེས་བཀོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།