choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

སོག་རྫོང་ཁྲི་རྡོ་ཡུལ་ཚོའི་ན་གཞོན་སྐྱ་སེར་གསུམ་འཛིན་བཟུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༤།༠༥ཉིན་སྤེལ། སོག་རྫོང་ཁྲི་རྡོ་ཡུལ་ཚོའི་ན་གཞོན་སྐྱ་སེར་གསུམ་རྒྱ་གཞུང་གིས་ཉེས་མེད་འོག་འཛིན་བཟུང་བཙོན་འཇུག་བྱས་འདུག

ཕྱི་ཟླ་༣ ཚེས་༢༨ ཉིན་ཁམས་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་གྲོང་ཚོ་བཞི་པའི་དཔལ་ལྷ་ཚང་གི་བུ་རིན་ ཆེན་དབང་འདུས་དང་། ག་འཇིག་ཚང་གི་བུ་ཕུར་ཚེ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་འདུག
ཁོང་གཉིས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི་ཁ་པར་བརྒྱུད་བོད་དོན་དང་ འབྲེལ་བའི་འཕྲིན་ཐུང་ཕན་ཚུན་བཏང་བའི་རྐྱེན་གྱིས་ཡིན་པ་དང་། དེ་བཞིན་ཟླ་༣ ཚེས་༢༨ ཉིན་དྲིལ་མདའ་དགོན་པའི་གྲྭ་ཨ་འདེ་ཟེར་བ་ཞིག་ཀྱང་འཛིན་བཟུང་བྱས་འདུག

དེ་ཡང་དྲིལ་མདའ་དགོན་པའི་གྲྭ་པ་རྣམས་འཛིན་བཟུང་བྱེད་པའི་རྒྱུ་མཚན་ནི་དེ་ སྔོན་ལྕགས་ཟམ་ཟམ་ཁའི་རང་བཙན་སྦྱར་ཡིག་རྩད་གཅོད་མ་ཐུབ་པར་གང་བྱུང་འཇུ་བཟུང་ དང་ཚ་འདྲི་བྱེད་བཞིན་པ་རེད་འདུག

ཁྲི་རྡོ་ཡུལ་ཚོ་ལ་གྲོང་ཚོ་བཅུ་ཡོད་པ་དག་གི་བར་ལ་ཞིབ་བཤེར་ས་ཚིགས་གཅིག་ ནས་གསུམ་བར་བཙུགས་ནས་ས་གནས་མི་མང་ལ་ཞིབ་བཤེར་དང་ཚ་འདྲི་བྱེད་ཡོད་པ་དང་། ཁྲི་རྡོ་ཡུལ་ཚོ་ནས་དྲིལ་མདའ་དགོན་པའི་བར་ཀི་ལོ་མེ་ཊར་༡༢ ཙམ་ཡོད་པ་དང་། དེའི་བར་ལ་ཞིབ་བཤེར་ས་ཚུགས་༣ བཙུགས་ནས་ཡར་མར་འགྲོ་མཁན་ཚང་མར་ཞིབ་བཤེར་དང་རྡུང་རྡེག་ཚ་འདྲི་བྱེད་ཀྱིན་ འདུག་ཅེས་བརྗོད་སོང།
ངག་དབང་ཐར་པས་མཁོ་སྦྲོད་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།