choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གྲྭ་པ་དྲུག་ལ་མི་སྤྱོད་ལས་འདས་པའི་རྡུང་བརྡེག་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༤།༠༥ཉིན་སྤེལ། ཉེན་རྟོག་པས་གྲྭ་པ་ཚོར་སྐད་ཆ་ཤོད་མ་བཅུག་པར་གྲི་དང་རྡོ་སོགས་ལག་ཆ་གང་རག་ གིས་ཆུ་ཚོད་༢༤ རིང་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བྱས་རྐྱེན། གཟུགས་པོ་ཡོངས་རྫོགས་ཁྲག་དང་སྐྲང་འབུར་གྱིས་ཁེངས་ཡོད་པ་མ་ཟད། ལངས་ནས་འགྲོ་ཐུབ་མཁན་མེད་པར་ཡུལ་མི་དག་གིས་བསྐྱོར་ནས་རང་ཁྱིམ་སོ་སོར་བསྐྱལ་ འདུག

ཕྱི་ཟླ་༣ ཚེས་༡༧ གྱི་མཚན་མོ་རྒྱ་གཞུང་གིས་ཁམས་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་ཚངས་དབྱངས་རྒྱ་མཚོ་དང་། ཚེ་དབང་། ཨ་ཚེ། རྒྱལ་མཚན་བཅས་གྲྭ་པ་༤ འཛིན་བཟུང་བཀག་ཉར་བྱས་པར་བརྟེན།  དྲིལ་མདའ་དགོན་པའི་གྲྭ་པ་༦  ཕྱི་ཟླ་༣ ཚེས་༡༩ ཉིན་ཁྲི་རྡོ་ཡུལ་ཚོའི་སྲིད་གཞུང་གི་ལས་ཁུངས་སུ་བཅར་ནས་གློད་གྲོལ་དགོས་པའི་རེ་འདུན་ཞུ་སྐབས། ཁོང་ཚོ་ཡང་འཛིན་བཟུང་བཀག་ཉར་བྱས་འདུག 

ཕྱི་ཟླ་༣ པའི་ཚེས་༢༠ ཉིན་ཁྲི་རྡོ་ཡུལ་ཚོའི་རྒན་རྒོན་དང་བུད་མེད་ཚང་མས་ངུ་འབོད་བྱེད་བཞིན་གྲྭ་པ་ དྲུག་པོ་གློད་གྲོལ་དགོས་པའི་རེ་འདུན་ཞུས་རྐྱེན་ཁོང་དྲུག་པོ་གློད་གྲོལ་བྱས་འདུག་ཀྱང། ས་གནས་རྒྱ་གཞུང་གི་ལས་བྱེད་དང། ཉེན་རྟོག་པས་གྲྭ་པ་ཚོར་སྐད་ཆ་ཤོད་མ་བཅུག་པར་གྲི་དང་རྡོ་སོགས་ལག་ཆ་གང་རག་གིས་ཆུ་ཚོད་༢༤ རིང་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བྱས་རྐྱེན། གཟུགས་པོ་ཡོངས་རྫོགས་ཁྲག་དང་སྐྲང་འབུར་གྱིས་ཁེངས་ཡོད་པ་མ་ཟད། ལངས་ནས་འགྲོ་ཐུབ་མཁན་མེད་པར་ཡུལ་མི་དག་གིས་བསྐྱོར་ནས་རང་ཁྱིམ་སོ་སོར་བསྐྱལ་འདུག 

ས་གནས་སུ་དམ་དྲག་གི་རྐྱེན་པས་གྲྭ་པ་དྲུག་དེའི་མིང་དང་ལོ་སོགས་ཤེས་རྟོག་ཐུབ་ ཀྱི་མེད་པ་དང་། དེང་སྐབས་རྒྱ་གཞུང་གིས་ཁྲི་རྡོ་ཡུལ་ཚོའི་ཡུལ་མི་རྣམས་ལ་མི་སྤྱོད་ལས་འདས་པའི་དྲག་གནོན་བྱེད་བཞིན་འདུག་ཅེས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་སོང་།

ངག་དབང་ཐར་པས་མཁོ་སྤྲོད་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།