choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཆབ་སྲིད་བཙོན་པ་ཚེ་རིང་ལྷ་མགོན་བཙོན་གྲོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༤།༠༥ཉིན་སྤེལ། མི་ལོ་༡༥ བཙོན་འཇུག་ཁྲིམས་ཆད་ཕོག་པའི་སོག་རྫོང་གི་ཆབ་སྲིད་བཙོན་པ་ཚེ་རིང་ལྷ་མགོན་ འདི་ལོའི་ཟླ་༣ ཚེས་༢༣ ཉིན་གློད་གྲོལ་བཏང་ཡོད་འདུག

ངག་དབང་ཐར་པས་མཁོ་སྤྲོད་བྱས་ལྟར།
དེ་ཡང་ཁོང་ཕྱི་ལོ་༢༠༠༠ ཟླ་༣ ཚེས་༡༧ ཉིན་འཛིན་བཟུང་བྱས་པ་དང་། ཁོང་དང་མཉམ་དུ་ཁམས་སོག་ཙན་དན་དགོན་པའི་གྲྭ་སིས་མཁས་གྲུབ་དང་། ཡེ་ཤེས་བསྟན་འཛིན། ངག་དབང་འགྱུར་མེད། བསྟན་འཛིན་ཆོས་དབང་། མི་སྐྱ་ཁྲག་རུ་ཡེ་ཤེས་བཅས་འཛིན་བཟུང་བྱས་ཡོད་པ་རེད།
ཁོང་རྣམས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི། ༢༠༠༠ ལོའི་ཟླ་༣ པའི་ནང་ཤིང་པར་རྒྱབ་པའི་ཡིག་ཆ་“༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག  བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུག་ཅིག་”ཅེས་པ་པར་སྐྲུན་བྱས་ནས་མི་མང་འདུ་འཛོམས་ཆེ་བའི་ས་ཁུལ་དུ་སྦྱར་གཏོར་བྱས་རྐྱེན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་དང་། དྲིལ་བསྒྲགས་ངན་སྐུལ་བྱས་པའི་ཉེས་མིང་བཙུགས་ཡོད་པ་རེད།

༢༠༠༠ ལོ་འཇུག་ཏུ་ནག་ཆུ་ས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཚེ་རིང་ལྷ་མགོན་ལ་ དུས་བཀག་བཙོན་འཇུག་ལོ་༡༥ ཁྲིམས་ཐག་བཅད་པ་དང་། སིས་མཁས་གྲུབ་ཚེ་བཙོན་དང་། ངག་དབང་འགྱུར་མེད་ལོ་༡༥ །  ཡེ་ཤེས་བསྟན་འཛིན་ལ་ལོ་༡༠། ཁྲག་རུ་ཡེ་ཤེས་ལོ་༧ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། 

ཚེ་རིང་ལྷ་མགོན་དང་ཐོག་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་དང། དེ་རྗེས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ནས་ད་བར་མི་ལོ་ཧྲིལ་པོ་༡༥ བཙོན་འོག་ཏུ་བསྡོད་དགོས་ཆགས་པ་དང་། ཟླ་༣ པའི་ཚེས་༢༣ ཉིན་ཁོང་གློད་གྲོལ་ཐོབ་ནས་ཕ་ཡུལ་སོག་རྫོང་ལ་འབྱོར་ཡོད་པ་རེད།

དེ་སྔོན་གྱི་ཆབ་སྲིད་བཙོན་པ་བསྟན་འཛིན་ཆོས་དབང་དང་། ཡེ་ཤེས་བསྟན་འཛིན་གཉིས་བཙོན་ནས་ཐོན་སྐབས་གཟུགས་པོ་བདེ་པོ་མེད་པ་བཟོས་ནས། སྨན་བཅོས་བྱེད་མ་ཐུབ་པར་རིང་མིན་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་སོང་བ་བཅས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།