choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་གཉིས་ལ་ཁྲིམས་ཆད་ལོ་ངོ་ ༡༠ རེ་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༤།༠༣ཉིན་སྤེལ། རྒྱ་གཞུང་གིས་འབྲི་རུ་ལ་ལྷིང་འཇགས་མེད་པའི་ས་གནས་ཤིག་ལ་ངོས་འཛིན་བྱས་ཏེ་དམ་དྲག་དང་གཉའ་གནོན་ཤུགས་ཆེན་བྱེད་པ་ལ་བརྟེན་ནས་འཛིན་བཟུང་བྱས་པ་དང་ཁྲིམས་ཆད་བཏང་བ་སོགས་ཀྱི་གནས་ཚུལ་ཐད་ཀར་ཕྱི་ནས་རྟོགས་ཐབས་བྲལ་ཡོད་པའི་གནས་ཚུལ་འདུག

གནས་ཚུལ་ཁུངས་ལྡན་བོད་ནས་འབྱོར་ལྟར། སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༡ ཚེས་ ༢༤ ལ་ངང་གྲགས་དང་རིག་གསལ་གཉིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་ཅིང་། ཁོང་གཉིས་ལ་དེ་སྔོན་རྒྱ་གཞུང་གིས་འབྲི་རུ་རྫོང་དུ་ཁྱིམ་ཚང་སོ་སོའི་ཁང་ཐོག་ཏུ་སྐར་ལྔའི་དར་དམར་སྒྲིང་འཛུགས་དགོས་པ་སྨོན་ཁྱིམ་གྲོང་གིས་མ་ཉན་པ་དང་། འབྲི་རུ་མི་མང་ ༡༠༠༠ ཙམ་འབྲི་རུ་རྫོང་དུ་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་སྨོན་ཁྱིམ་གྲོང་གི་གྲོང་མི་མང་པོ་བསླེབས་སྟེ། འབྲོང་སྣ་དགོན་པ་སྒོ་བརྒྱབ་པར་སྨོན་ཁྱིམ་གྲོང་གིས་ངོ་རྒོལ་བྱས་པ་དང་། དེ་སྔོན་དངོས་བཀྲག་ཚང་ལ་མི་གྲངས་བཅུ་བདུན་ལས་གྲུབ་པ་ཞིག་གི་གསང་བའི་ཚོགས་འདུ་ཚོགས་པ་བཅས་ཀྱི་ནག་ཉེས་བཙུག་སྟེ་བཙོན་འཇུག་ལོ་ངོ་ཧྲིལ་པོ་བཅུ་རེའི་ཐག་གཅོད་བྱས་འདུག་ཟེར།

ངང་གྲགས་ནི་སྤྱི་ལོ་ ༡༩༦༠ ཙམ་ལ་སྐྱེས་པ་དང་། སྤྱི་ལོ་ ༡༩༨༠ ཙམ་ནས་སྨོན་ཁྱིམ་གྲོང་གི་གྲོང་ཚོའི་མགོ་ཁྲིད་ཀྱི་ཕྱག་ལས་གནང་ཡོད། ཁོང་ལ་བཟའ་ཟླ་དང་ཕྲུ་གུ་ཁ་ཤས་ཤིག་ཡོད་འདུག

རིག་གསལ་ནི་སྤྱི་ལོ་ ༡༩༨༣ ཙམ་ལ་སྐྱེས་པ་དང་། སྤྱི་ལོ་ ༢༠༠༧ ཙམ་ནས་སྨོན་ཁྱིམ་གྲོང་གི་གྲོང་ཚོའི་མགོ་ཁྲིད་ཀྱི་ཕྱག་ལས་གནང་ཡོད་ཅིང་། ཁོང་ལ་བཟའ་ཟླ་དང་ཕྲུ་གུ་ ༣ ཙམ་ཡོད་འདུག

དེ་ཙམ་མ་ཟད། སྨོན་ཁྱིམ་ནས་ཡིན་པའི་ཁྲི་རྒྱལ་ཡང་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་ངོ་ ༡༣ བཙོན་འཇུག་ཐག་ཆོད་བྱས་འདུག འཇུག་སའི་བཙོན་ཁང་དང་ད་ལྟའི་གནས་བབ་ཤེས་རྟོགས་ཐུབ་མི་འདུག ཁྲི་རྒྱལ་ཆུང་མ་དང་བུ་ཕྲུག་ལྔ་ཙམ་ཡོད་འདུག

སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༠༩ ནང་རྒྱ་གཞུང་གིས་དུད་ཁྱིམ་སོ་སོའི་ཁང་ཐོག་ཏུ་སྐར་ལྔའི་དར་དམར་འཛུགས་དགོས་པའི་བཙན་བཀའ་བཏང་བ་ནས་བཟུང་འབྲི་རུའི་མི་མང་གིས་དཔའ་ངར་དང་སྙིང་སྟོབས་བསྐྱེད་དེ་ཞིང་འབྲོག་མང་ཚོགས་དང་། གྲྭ་པ། བཙུན་མ། རྩོམ་པ་པོ། གླུ་བ། སློབ་ཕྲུག་སོགས་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཆེན་པོ་བྱས་ཡོད་ཅིང་། ངོ་རྒོལ་འདི་ནི་བོད་རང་སྐྱོང་ལྗོངས་ནང་གི་ངོ་རྒོལ་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་པས། རྒྱ་གཞུང་གིས་འབྲི་རུ་ལ་ལྷིང་འཇགས་མེད་པའི་ས་གནས་ཤིག་ལ་ངོས་འཛིན་བྱས་ཏེ་དམ་དྲག་དང་གཉའ་གནོན་ཤུགས་ཆེན་བྱེད་པ་ལ་བརྟེན་ནས་འཛིན་བཟུང་བྱས་པ་དང་ཁྲིམས་ཆད་བཏང་བ་སོགས་ཀྱི་གནས་ཚུལ་ཐད་ཀར་ཕྱི་ནས་རྟོགས་ཐབས་བྲལ་ཡོད་པའི་གནས་ཚུལ་ཐོན་སོང་།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།