choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བོད་མི་གཉིས་ལ་ཉེས་མེད་ཁྲིམས་ཐག་ལྕི་མོ་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༤།༠༢ཉིན་སྤེལ། རྒྱ་གཞུང་གིས་ཁྲིམས་མཐུན་འགྲོ་ལུགས་གང་ཡང་མ་བརྒྱུད་པར་གསང་བའི་ཐོག   ན་གཞོན་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ལགས་ལ་ལོ་ ༡༣ དང་། ཉེན་རྟོག་པ་ཟུར་བ་གཡུལ་རྒྱལ་ལགས་ལ་ལོ་ ༡༠ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

ཁོང་གཉིས་ལ་ཁྲིམས་བཅད་ནས་ཟླ་བཞི་ལྷག་ཕྱིན་ཡོད་ནང་། རྒྱ་གཞུང་གིས་ཉེ་ཆར་མ་གཏོགས་ནང་མིར་ཁོང་གཉིས་གར་ཡོད་གྱི་གནས་སྟངས་ཤེས་རྟོགས་དང་། ཁོང་གཉིས་ལ་ཐུག་འཕྲད་སོགས་ཅི་ཡང་བྱེད་བཅུག་མེད་པར་ཡུན་རིང་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་དགོས་བྱུང་ཡོད་འདུག

ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ ཉིན། བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ནས། ཁམས་ནགས་ཤོད་འབྲི་རུ་རྫོང་གི་ན་གཞོན་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ལགས་ལ་ལོ་ ༡༣ དང་། གཡུལ་རྒྱལ་ལགས་ལ་ལོ་ ༡༠ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།