choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ཀྱི་སྙུག་ཐོག་པ་གཉིས་ཀློད་གྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༤།༠༡ཉིན་སྤེལ། ༼བླ་སྲོག༽དུས་དེབ་ཀྱི་རྩོམ་སྒྲིག་པ་གྲྭ་ལྡོང་དོན་གྲུབ་རྒྱ་མཚོ་ལགས་སུ་ལོ་ ༦ བཙོན་འཇུག་དང་། ༼ཁྲག་ཡིག༽སྒེར་དེབ་ཀྱི་རྩོམ་པ་པོ་ཐེའུ་རིང་ལགས་སུ་ལོ་ ༤ བཙོན་འཇུག ཁོང་གཉིས་ཉེ་ལམ་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་དང་། བོད་ནང་གི་༼བླ་སྲོག༽དུས་དེབ་ཀྱི་ནང་དོན་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག ༼བླ་སྲོག༽དུས་དེབ་ཀྱི་རྩོམ་སྒྲིག་པ་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁ་གྱ་སྨད་དགོན་པའི་གྲྭ་ལྡོང་དོན་གྲུབ་རྒྱ་མཚོ་ལགས་སུ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། ཟླ་འདིའི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཁོང་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་འདུག

ཨུ་རུ་སུར་གནས་སྡོད་གངས་སེང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཁ་སང་ཞོགས་པའི་ཆུ་ཚོད་ ༦།༠༠ ཡས་མས་སུ་༼བླ་སྲོག༽དུས་དེབ་ཀྱི་རྩོམ་སྒྲིག་པ་ལྡོང་དོན་གྲུབ་རྒྱ་མཚོ་ལགས། ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ནས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་པ་དང་། སྐབས་དེར་ཁོང་གི་ཉེ་འབྲེལ་དང་གྲོགས་པོ་བཅས་མི་ ༨ ཡས་མས་ཤིག་ལན་ཀྲུའུ་གྲོང་ཁྱེར་ནང་ཁོང་ལེན་དུ་ཕྱིན་ཡོད་འདུག་ལ། བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩།༠༠ ཡས་མས་སུ་རྒྱ་ནག་གསང་བའི་ལས་ཁུངས་ཀྱིས་ལས་བྱེད་ཁག་ཅིག་གིས་ཁ་གྱའི་ཞང་ནང་དུ་སྐྱེལ་ཏེ་ཐོ་འགོད་རྩིས་སྤྲོད་བྱས་རྗེས། དགོན་པའི་གྲྭ་བ་དང་ཉེ་འབྲེལ་བཅས་ཀྱི་ཕེབས་བསུའི་ཁྲོད་དགོན་པའི་རང་ཤག་ཏུ་ཕེབས་ཡོད་འདུག
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༤ ཉིན་རྒྱ་གཞུང་གིས་༼ཁྲག་ཡིག༽ རྩོམ་པོ་བཀྲ་ཤིས་རབ་བརྟན་ནམ་ཐེའུ་རང་ལགས་ནུབ་བྱང་མི་རིགས་སློབ་ཆེན་དུ་འཛིན་བཟུང་གིས་ལོ་གཅིག་རིང་བཀག་ཉར་བྱས་པ་དང་། ༢༠༡༡ ལོའི་ཟླ་ ༦ ཚེས་ ༢ ཉིན་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ནི་མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་དང་། ༢༠༠༨ ལོའི་ནུབ་བྱང་མི་རིགས་སློབ་ཆེན་བོད་རིགས་སློབ་མའི་ལས་འགུལ་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་མིང་འོག་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཁོང་ཟི་ཁྲོན་མེན་ཡཱང་ཙོན་ཁང་ནས་བཙོན་གྲོལ་ཐོབ་ཏེ་ཁྲིན་ཏུའུ་གྲོང་ཁྱེར་དུ་འབྱོར་ཡོད་འདུག་ལ།  སང་ཉིན་སྔ་དྲོ་མཛོད་དགེ་རྫོང་ཐང་སྐོར་ཞང་སོག་ཚང་དགོན་པའི་ཉེ་འདས་སུ་འབྱོར་རྒྱུ་ཡིན་འདུག

ན་གཞོན་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ་ཐེའུ་རང་ལགས་ནི། ཟི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཞང་མགོ་སྐོར་སྡེ་བ་ནས་ཡིན་པ་དང་། དེ་སྔོན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་བ་བཅས་ལ་བརྟེན་ནས་རྒྱ་གཞུང་གིས་སྔ་ཕྱི་འདྲི་རྩད་བཀག་ཉར་བྱས་ཡོད་ལ། ༢༠༠༩ ལོར་ཁོང་གིས་བརྩམས་ཆོས་༼ཁྲག་ཡིག༽ སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་རྗེས་འདྲི་བརྩད་བཀག་ཉར་བྱས་ཡོད་པ་མ་ཟད། ༢༠༡༡ ཟླ་ ༤ ཚེས་ ༤ ཉིན་ནུབ་བྱང་མི་རིགས་སློབ་ཆེན་ནས་འཛིན་བཟུང་གིས་ལོ་ ༡ རིང་བཀག་ཉར་བྱས་པ་དང་། ༢༠༡༡ ལོར་མི་རིགས་ཁ་བྲལ་གཙོས་པའི་ཉེས་མིང་ཁག་ཅིག་འོག་ཁྲིམས་ཐག་བཅད་ཡོད་པ་བཅས།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།