choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གྲྭ་འཇིགས་མེད་བསྟན་འཛིན་ལགས་སྐུ་གྲོངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༣།༡༢༥ཉིན་སྤེལ། རྩེ་ཁོག་སོ་ནག་དགོན་པའི་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་སོ་ནག་དགོན་པའི་ གླིང་གི་ཕྱི་རོལ་དུ་རང་ལུས་མེར་བསྲེགས་གནང་བ་དགོན་པའི་དགེ་འདུན་པ་ཚོས་མཐོང་ སྟེ། དེ་མ་ཐག་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་ཡོད་ཀྱང་ཅུང་མ་འགོར་བར་སྐུ་ གྲོངས་ཡོད་འདུག

ད་རེས་ཕྱི་ཚེས་༡༦ཉིན་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེ་གཉིས་ཀྱི་རྩེ་ཁོག་སོ་ནག་དགོན་པའི་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱི་སྐོར་གནས་ཚུལ་དམ་དྲག་ཆེ་བའི་དབང་གིས་ལགས་སོན་མ་བྱུང་བ་དང་། ཁོང་གིས་སོ་ནག་དགོན་པའི་གླིང་གི་ཕྱི་རོལ་དུ་རང་ལུས་མེར་བསྲེགས་གནང་བ་དགོན་པའི་དགེ་འདུན་པ་ཚོས་མཐོང་སྟེ། དེ་མ་ཐག་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་ཡོད་ཀྱང་ཅུང་མ་འགོར་བར་སྐུ་གྲོངས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ས་གནས་ཉེན་རྟོག་པས་རང་ལུས་མེར་བསྲེགས་བྱུང་བ་ཤེས་རྟོགས་བྱུང་མ་ཐག་སོ་ནག་དགོན་པར་དམ་དྲག་དང་། རྩེ་ཁོག་ཕྱོགས་ཀྱི་ཁ་པར་དང་དྲ་ཁང་སོགས་ལ་བཀག་སྡོམ་བྱས་ཏེ་གནས་ཚུལ་ཕྱི་ལ་ཐོན་མི་ཐུབ་པར་བཟོས་ཡོད་པ་མ་ཟད། དགོན་པའི་གྲྭ་བ་ཕོན་ཆེན་བཙན་འཁྲིད་ཀྱིས་རང་སྲེག་གནང་མཁན་དང་འབྲེལ་བ་ཡོད་མེད་འདྲི་རྩད་བྱས་ཡོད་ཀྱང་། ནག་ཉེས་ཀྱི་ཁུངས་སྣེ་ཅི་ཡང་མ་རྙེད་པར་ཁོ་ཚོ་མང་ཆེ་བ་ཕྱིར་དགོན་པར་བཏང་ཡོད་ནའང་། དགེ་འདུན་པ་ ༤ ལ་མུ་མཐུད་འདྲི་རྩད་བྱེད་བཞིན་ཡོད་འདུག ད་ལྟའི་ཆར་སོ་ནག་དགོན་གྱི་གྲྭ་བ་རྣམས་དགོན་པའི་ཕྱི་རུ་འགྲོ་མི་ཐུབ་པ་དང་། ཕྱི་ནས་ཡོང་བའི་མཆོད་མཇལ་བ་ཚོའང་དགོན་པའི་ནང་གཏོང་གི་མེད་པ་རེད།

འཇིགས་མེད་བསྟན་འཛིན་ལགས་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སོ་ནག་ཚོ་བ་ལྔ་ཡོད་པ་ལས་ངག་རིགས་འཚོ་བ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༩ ཡིན་འདུག དེ་སྔོན་རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ལོ་བཅུའི་རིང་ཕྱག་དཔེ་ཚུལ་བཞིན་གཟིགས་ནས་འཛིན་གྲྭ་སྐབས་དང་པོའི་བར་དུ་སླེབས་ཡོད་ཅིང་། ཕྱིས་སུ་སོ་ནག་དགོན་པར་ཕེབས་ཡོད་འདུག ཁོང་ནི་ནམ་རྒྱུན་ཉམ་ཆུང་ཚུལ་མཐུན་དང་དཀར་ཟས་ཁོ་ནར་བསྟེན་མཁན་ཞིག་ཡིན་འདུག

སོ་ནག་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་ནི་རྩེ་ཁོག་རྫོང་སོ་ནག་སྡེ་བ་རུ་ཆགས་ཡོད་པ་དང་། ༡༦༦༠ ལོར་གཡུ་རྔོག་བསམ་གཏན་རྒྱ་མཚོས་སོ་ནག་འབྲོག་ཏུ་ཟླ་བརྒྱད་པའི་ནང་མ་ཎིའི་ཆོས་ཐོག་བཙུགས་པ་ནས་བཟུང་སྟེ། གནས་དེར་གུར་མཚམས་པ་འགའ་འདུས་སྡོད་བྱས་ཡོད་པ་དང་། ༡༧༤༠ ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་རྒྱ་བསྐྱེད་གནང་སྟེ་དེང་སང་དགེ་འདུན་པ་ ༩༠ ལྷག་ཡོད་འདུག

ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རེབ་གོང་སོ་ནག་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་འདུག ཁོང་ནི་རེབ་གོང་རྩེ་ཁོག་སོ་ནག་རྔ་དཀར་སྡེ་བ་རུ་ཕ་ལ་སྐྱབས་རྒྱའི་བུ་རུ་སྐྱེས་པ་དང་། མེར་བསྲེགས་བཏང་མ་ཐག་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་དང་དམག་མིའི་ཚན་ཁག་གིས་དགོན་པའི་མཆོད་མཇལ་བ་བཀག་སྡོམ་དང་སྐད་འཕྲིན་སོགས་ཀྱི་དྲ་ལམ་ཚུད་ཆད་བཀག་སྡོམ་བྱས་འདུག  སྐབས་དེར་སོ་ནག་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཕུང་བོ་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཉིན་དེར་སྦྱིན་བསྲེགས་གནང་འདུག ཁོང་བོད་གཞིས་སུ་མེར་བསྲེགས་གནང་མཁན་ཐེངས་བརྒྱ་དང་ཉེར་བརྒྱད་པ་དང་། རེབ་གོང་ནས་མེར་བསྲེགས་གཏོང་མཁན་བཅུ་དྲུག་པ་ཡིན་འདུག

སོ་ནག་དགོན་པའམ་དགེ་ལྡན་བཀྲ་ཤིས་ཆོས་གླིང་ནི། ཕྱི་ལོ ༡༦༦༠ ལོར་གཡུ་རྔོག་བསམ་གཏན་རྒྱ་མཚོས་སོ་ནག་འབྲོག་ཏུ་ཟླ་བརྒྱད་པའི་ནང་མ་ཎིའི་ཆོས་ཐོག་བཙུགས་ཤིང་། དེ་ནས་བཟུང་གུར་མཚམས་པ་འགའ་འདུས་སྡོད་བྱུང། ཕྱི་ལོ ༡༧༤༠ ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་རབ་བྱུང་དགེ་ཚུལ་དང་། བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་སོ་ནག་གུར་སྒར་ཕྱག་འདེབས་མཛད་དེ་མཁན་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་རྒྱ་བསྐྱེད་གནང་ཞིང་། ཕྱི་ལོ་ ༡༩༥༨ ལོའི་ཡར་སྔོན་དུ་དགོན་པ་འདིར་འདུ་ཁང་གཅིག་དང་། མགོན་ཁང་། ནང་ཆེན་གཉིས། གྲྭ་ཤག་བརྒྱད་ཅུ་ཙམ། རྒྱུན་བཞུགས་ཀྱི་བླ་མ་གཉིས་དང་དགེ་འདུན་པ་བརྒྱད་ཅུ་ལྷག་བཞུགས་མོད། ཟིང་འཁྲུག་དང་རིག་གསར་སྐབས་མེད་བརླགས་སུ་བཏང་བ་དང་དགོན་ཤུལ་སོ་ནག་སྡེ་བའི་ཕྱུགས་འཚོ་སར་བསྒྱུར།

ཕྱི་ལོ ༡༩༨༠ ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རྩེ་ཁོག་གི་ཡུལ་དབུས་སུ་བྱ་དར་སྐྱིད་པོ་རིར་ཞབས་ཟུང་ཉེ་བར་བཀོད་དེ། རྩེ་ཁོག་རྫོང་ཁོངས་ཀྱི་བླ་དཔོན་སེར་སྐྱ་མང་ཚོགས་ཁྲི་ཕྲག་ལ་ཆོས་ཀྱི་ཁྲི་ལས་སྲད་རྒྱུད་བླ་མའི་རྣལ་འབྱོར་དང་། སྐྱབས་འགྲོ་སོགས་ལུང་དང་། ཆོས་སྲིད་གཉིས་འབྲེལ་གྱི་སྒོ་ནས་ཞལ་གདམས་བསླབ་བྱ་མང་དུ་བསྩལ། སོ་ནག་དགོན་པར་ཚེ་དཔག་མེད་ཀྱི་སྨན་སྐུ་བྱིན་ཅན་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་ཆ་ཚང་། ཁོང་གི་སྐུ་པར་བཅས་གནང་ནས།ད་ནས་བཟུང་སོ་ནག་དགོན་པའི་ཆོས་སྒོ་ཕྱེས་པ་ཡིན་ཞེས་གསུངས་ནས་ཆོས་སྒོ་གསར་དུ་ཕྱེས། དེ་ནས་བཟུང་རིམ་གྱིས་དགོན་པ་བསྐྱར་བཞེངས་ཀྱིས་ད་ལྟ་དགོན་པ་འདིར་འདུ་ཁང་ཆེན་མོ་དང་། འདུ་ཁང་ཆུང་བ། མགོན་ཁང་། ཤར་སྐྱབས་མགོན་གྱི་གཟིམ་ཁང་། མཁན་ཆེན་ནང་ཆེན། གྲྭ་ཤག་ལྔ་བཅུ་ལྷག རྒྱུན་བཞུགས་ཀྱི་བླ་སྤྲུལ་རེ་ཟུང་དང་དགེ་འདུན་པ་བརྒྱ་དང་ཉི་ཤུ་ལྷག་བཞུགས་ཡོད།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།