choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྒོ་ཤུལ་བློ་བཟང་ལགས་སྐུ་གྲོངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤/༠༣/༢༤ཉིན་སྤེལ། ཟླ་འདིའི་ཚེས་ ༡༩ ཉིན་གྱི་མཚན་ཆུ་ཚོད་ ༡༢།༠༠ ཐོག སྒོ་ཤུལ་བློ་བཟང་ལགས་རང་ཁྱིམ་དུ་ཁོང་གི་སྤུན་ཆུང་བ་དང་། བཟའ་ཟླ། བུ་བཅས་ཀྱི་མདུན་སར་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་སོང་། ༢༠༡༤/༠༣/༢༤ཉིན་སྤེལ། ཟླ་འདིའི་ཚེས་ ༡༩ ཉིན་གྱི་མཚན་ཆུ་ཚོད་ ༡༢།༠༠ ཐོག སྒོ་ཤུལ་བློ་བཟང་ལགས་རང་ཁྱིམ་དུ་ཁོང་གི་སྤུན་ཆུང་བ་དང་། བཟའ་ཟླ། བུ་དང་བུ་མོ་བཅས་ཀྱི་མདུན་སར་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་སོང་།

ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༥ བར་རྨ་ཆུ་དབལ་པན་ཡུལ་ཚོའི་ཞི་རྒོལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་སྒོ་ཤུལ་བློ་བཟང་ལགས། སྔར་ལོའི་ཧོར་ཟླ་ ༡༠ ཚེས་ ༢༧ ཉིན་བཙོན་ཁང་དུ་གཅར་རྡུང་མནར་གཅོད་བཏང་སྟེ་གསོན་པོའི་རེ་བ་མེད་པའི་གནས་སུ་བསྐྱལ་རྗེས་ཀློད་གྲོལ་བཏང་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༩ ཉིན་གྱི་མཚན་ཆུ་ཚོད་ ༡༢།༠༠ ཐོག་རང་ཁྱིམ་དུ་ཁོང་གིས་སྤུན་ཆུང་བ་དང་། བཟའ་ཟླ་དང་བུ་བཅས་ཀྱི་མདུན་སར་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ་པར་ལག་གཉིས་ཐལ་མོ་སྦྱར་ནས་སྐུ་གྲོངས་ཡོད་འདུག

སྒོ་ཤུལ་བློ་བཟང་ལགས་ནི། ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པན་ཡུལ་ཚོ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༤༣ ཙམ་ཡིན་འདུག་ལ། ༡༩༩༢ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇྰ་བོད་ཁྱིམ་དུ་སློབ་སྦྱོང་གནང་མྱོང་ཡོད་འདུག ༢༠༠༨ ལོར་རྒྱ་ནག་གཞུང་གིས་ཁོང་ཡུལ་ཚོའི་ཞི་རྒོལ་གྱི་སྣེ་འཁྲིད་པ་ཡིན་ཚུལ་བཤད་དེ་འཛིན་བཟུང་བྱེད་རྩིས་བྱེད་སྐབས། ཉེན་ཡོལ་བྲོས་བྱོལ་བྱས་ཏེ་དུས་ཡུན་གང་འཚམ་རིང་བསྡད་ཡོད་ཀྱང་། ༢༠༡༠ ལོའི་ཟླ་ ༥ བའི་ནང་རྨ་ཆུ་རྫོང་ཉེན་རྟོག་པས་གློ་བུར་འཇུ་བཟུང་གིས་ལོ་དེའི་ཟླ་ ༡༠ བའི་བར་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

རྗེས་སུ་ལན་ཀྲུའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་གནས་སྤོར་བཙོན་འཇུག་བྱས་ཡོད་པ་མ་ཟད། སྔ་ཕྱིར་ཉེན་རྟོག་པ་དང་བཙོན་སྲུང་བས་འདྲི་བརྩད་གཅར་རྡུང་རབས་དང་རིམ་པ་བཏང་སྟེ་ནད་པར་བཟོས་པ་དང་། བཙོན་ཁང་དུ་ཟ་མ་ཟ་མ་ཐུབ་པ་དང་སྨན་བཅོས་མཐུན་རྐྱེན་མ་རག་པ་སོགས་ཀྱིས་གཟུགས་པོ་སྐམ་པོ་ཆགས་ཏེ་སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་རྗེས་བཙོན་གྲོལ་བཏང་ཡོད་འདུག

ད་ལྟའི་ཆར་ཁོང་གི་ཁྱིམ་དུ་རང་ལོ་ ༤༠ ཡིན་པའི་ཆུང་མ་ཏྰ་རེ་དང་། རང་ལོ་ ༡༨ ཡིན་པའི་བུ་ཡེ་ཤེས། རང་ལོ་ ༡༥ ཡིན་པའི་བུ་མོ་སྒྲོལ་མ་བཅས་ཡོད་འདུག་ལ། ཟླ་འདིའི་ཚེས་ ༢༤ ཉིན་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།