choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འབྲོག་ཁྱི་ཞིག་ལ་ཨ་སྒོར་ས་ཡ་གཉིས་སྤྲད་དེ་ཉོས་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༣།༢༡ཉིན་སྤེལ། ཕྱི་ཚེས་ ༡༨ ཉིན་རྒྱ་རིགས་ཕྱུག་བདག་ཅིག་གིས་བོད་ཀྱི་འབྲོག་ཁྱི་ཞིག་ལ་ཨ་སྒོར་ས་ཡ་གཉིས་སྤྲད་དེ་ཉོས་ཡོད་འདུག

ཟླ་འདིའི་ཚེས་ ༡༨ ཉིན་བོད་ཀྱི་འབྲོག་ཁྱི་གསོ་སྐྱོང་བྱེད་མཁན་ཀྲང་ཀིན་ཡོན་ (Zhang Gengyun) ལགས་ཀྱིས། རྒྱ་ནག་ཀྲེ་ཅང་ཞིན་ཆེན་ཆིན་ཏོ་གྲོང་ཁྱེར་གྱི་གཅེས་ཉར་སྲོག་ཆགས་ཁྲོམ་རྭ་ཤིག་ཏུ། རིང་ཚད་ལ་སེན་ཌི་རྨི་ཌར་ ༨༠ དང་ལྗིད་ཚད་ལ་ཀེ་ལོ་གྷ་རམ་ ༩༠ ཙམ་ཡོད་པའི་བོད་ཀྱི་འབྲོག་ཁྱི་ཞིག་ལ་ཨ་སྒོར་ས་ཡ་གཉིས་ ༢༠༠༠༠༠༠ བྱས་ཏེ། ལོ་ ༥༦ ཡིན་པའི་རྒྱ་རིགས་ས་ཁང་ཐོན་སྐྱེད་བྱེད་མཁན་གྱི་ཕྱུག་བདག་ཅིག་ལ་བཙོངས་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་གཅེས་ཉར་སྲོག་ཆགས་རིན་གོང་མཐོ་ཤོས་དེ་ཆགས་ཡོད་འདུག

འབྲོག་ཁྱི་དེར་རིན་གོང་མཐོན་པོ་སྤྲོད་དགོས་དོན་ནི། ཁྱིའི་རིགས་ཡིན་ཡང་སེང་གེའི་ཉམས་ཡོད་པ་མ་ཟད། འཛམ་གླིང་གི་ཁྱིའི་རིགས་ཀྱི་ཁྲོད་ནས་རིགས་རྒྱུད་མཐོང་དཀའ་བར་གྱུར་ཡོད་སྟབས། གཅེས་ཉར་སྲོག་ཆགས་ཁྲོད་ནས་རིན་གོང་མཐོ་ཤོས་ཆགས་ཡོད་སྐོར་བསྒྲགས་འདུག

གནད་དོན་དབྱེ་ཞིབ་པ་ཚོས། བོད་ཀྱི་འབྲོག་ཁྱི་རྒྱ་ནག་གི་ས་ཕྱོགས་གང་སར་ཉོ་འཚོང་བྱེད་བཞིན་པ་དེ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་ཙམ་མ་ཟད། ཐ་ན་གཅེས་པར་འོས་པའི་བོད་ཀྱི་སྲོག་ཆགས་དོམ་ཁྲ་དང་འབྲོག་ཁྱི་ཡན་ཆད་ཀྱང་རྒྱ་ནག་ནང་དབོར་འདྲེན་བྱེད་ཀྱི་ཡོད་པ་གསལ་པོ་རེད་ཅེས་བརྗོད་འདུག

འབྲོག་ཁྱིའི་བདག་པོ་ཀྲང་གིས། “ ཁྱི་དེ་ནི་སྤུ་མདོག་ལེགས་ལ་སེང་གེའི་ཉམས་དང་ལྡན་པའི་བོད་ཀྱི་འབྲོག་ཁྱི་ངོ་མ་ཞིག་ཡིན་པ་མ་ཟད། འཛམ་གླིང་སྟེང་དོམ་ཁྲ་དང་འདྲ་བར་རིགས་རྒྱུད་ཆད་གྲབས་ཡོད་སྟབས། རྒྱལ་སྤྱིའི་ཁྲོམ་རྭའི་སྟེང་རིན་གོང་མཐོན་པོ་སྤྲད་དེ་ཉོ་དགོས་པ་ཆགས་ཡོད། ” ཅེས་བརྗོད་འདུག

ཨ་རིའི་བོད་ཀྱི་འབྲོག་ཁྱི་ཚོགས་པའི་འགན་འཛིན་མར་ཐཱ་ (Martha Feltenstein) ལགས་ཀྱིས། རྒྱ་ནག་ནང་གཅེས་ཉར་སྲོག་ཆགས་ཉོ་འཚོང་བྱེད་བཞིན་པ་དེ་རྒྱུན་ལྡན་ཞིག་ཡིན་ཡང་། བོད་ཀྱི་འབྲོག་ཁྱི་དེར་རིན་གོང་མཐོན་པོ་སྤྲད་དེ་ཉོ་དོན་གང་ཡིན་ལ་རྟོག་ཞིབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག

རྒྱ་ནག་རྒྱལ་སྤྱིའི་གཅེས་ཉར་སྲོག་ཆགས་ཀྱི་ཁྲོམ་རྭ་ཆེ་ཤོས་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ཕྱུག་བདག་མང་ཤོས་ཡོད་མཁན་གྱི་རྒྱལ་ཁབ་ཅིག་ཀྱང་ཆགས་ཡོད་པ་དང་། ད་ལྟ་རྒྱ་ནག་རྒྱལ་ཡོངས་ནང་ཨ་སྒོར་ཐེར་འབུམ་ཅན་གྱི་ཕྱུག་བདག་རྒྱ་རིགས་འབུམ་ ༨ ལྷག་ཡོད་པ་དང་། ཁོ་ཚོས་ཨ་སྒོར་ཁྲི་སྟོང་མང་པོ་སྤྲད་དེ་གཅེས་ཉར་སྲོག་ཆགས་འདྲ་མིན་ཉར་བཞིན་ཡོད་འདུག ༢༠༡༡ ལོར་རྒྱ་རིགས་ཕྱུག་བདག་ཅིག་གིས་བོད་ཀྱི་འབྲོག་ཁྱི་ཁ་མདོག་དམར་སྨུག་ཅན་མིང་ལ་ (Big Splash) འབོད་པ་ཞིག་ལ་ཨ་སྒོར་ས་ཡ་ ༡།༦ སྤྲད་དེ་ཉོས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།