choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ནག་ཆུ་སོག་རྫོང་གི་བོད་མི་ ༤ འཛིན་བཟུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༣།༡༨ཉིན་སྤེལ། རྒྱ་གཞུང་གིས་སོག་རྫོང་དྲིལ་མདའ་དགོན་པའི་གྲྭ་བ་གཉིས་དང་གཞན་བོད་མི་གཉིས་ བཅས་སྐྱ་སེར་བཞི་ཉེས་མེད་ཉེས་འགལ་གྱིས་འཛིན་བཟུང་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༣ ཉིན་རྒྱ་གཞུང་གིས་ནག་ཆུ་སོག་རྫོང་ཁྲི་རྡོ་ཡུལ་ཚོ་དྲིལ་མདའ་དགོན་པའི་རང་ལོ་ ༡༩ ཡིན་པའི་གྲྭ་བློ་བཟང་དར་རྒྱས་ལགས་དང་། རང་ལོ་ ༡༨ ཡིན་པའི་གྲྭ་ལུང་རྟོགས་རྒྱལ་མཚན་རྣམ་གཉིས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཚེས་ ༡༤ ཉིན་ཁྲི་རུ་ཡུལ་ཚོ་གྲོང་ཚོ་གཉིས་པའི་བསྟན་གཡང་གི་བུ་རང་ལོ་ ༡༨ ཡིན་པ་ཚེ་རིང་བསམ་འཕེལ་དང་། ནོར་བུ་དབང་གྲགས་ཚང་གི་བུ་གྲཊ་པ་གཉིས་འཛིན་བཟུང་གིས་གར་ཡོད་ཅི་བྱུང་གི་གནས་ཚུལ་མ་ཤེས་པར་ལྷག་ཡོད་འདུག

སྦེལ་ཇེམ་གནས་སྡོད་རིན་ཆེན་ལགས་ཀྱིས་བརྗོད་དོན་ལྟར་ན། གྲྭ་བློ་བཟང་དར་རྒྱས་དང་ལུང་རྟོགས་རྒྱལ་མཚན་གཉིས་ཆོ་འཕྲུལ་ཟླ་བའི་སྐབས། དགོན་པར་བཀའ་འགྱུར་དག་སྒྲོག་གནང་མཁན་དག་གི་གསོལ་ཆས་ཉོ་ཆེད་སོག་རྫོང་གི་ཅུང་པ་ཡུལ་ཚོར་ཕྱིན་ཡོད་པ་དང་། ཕྱིར་ཡོང་སྐབས་འཕྱི་པོ་ཆགས་ཡོད་སྟབས་རྒྱ་གཞུང་གིས་ཁོང་གཉིས་ལྕགས་ཟམ་ཟམ་ཁ་རུ་ལྕགས་རྩི་དམར་པོས་༼བོད་རང་བཙན་ཡིན༽ཞེས་ཡི་གེ་ཞིག་བྲིས་ཡོད་པ་དེ་འབྲི་མཁན་ཡིན་པའི་དོག་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག་ལ། བོད་མི་གཞན་གཉིས་ཀྱིས་གཞས་པ་ཤེར་བསྟེན་གྱི་གཞས་ཤིག་ཁ་པར་བརྒྱུད་ཕན་ཚུན་གཏོང་རེས་བྱས་པའི་དབང་གིས་འཛིན་བཟུང་བྱས་པ་ཡིན་འདུག

བོད་ཚེས་༡༥ཉིན་དྲིལ་མདའ་དགོན་པའི་འདུ་ཁང་གི་ཕྱི་ནང་གང་སར་མེ་མདའ་འཁུར་བའི་དམག་མིས་བསྐོར་ཏེ་མི་མང་གི་འགྲོ་བསྐྱོད་ལ་བཀག་སྡོམ་ནན་མོ་བྱས་ཡོད་པ་མ་ཟད། སོག་རྫོང་ཁྲི་རྡོ་ཡུལ་ཚོའི་ལྕགས་ཟམ་ཟམ་ཁའི་ཕྱོགས་གཉིས་སུ་ཉེན་རྟོག་པས་སྒར་བརྒྱབ་ཡོད་པ་དང་། དམག་མི་དང་ཉེན་རྟོག་པའི་རླངས་འཁོར་ ༢༠ ཙམ་བསླེབ་ནས་ས་གནས་སུ་དམ་དྲག་བྱེད་ཀྱི་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།