choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཁམས་སོག་རྫོང་གི་ན་གཞོན་སྐྱ་སེར་ལྔ་རྒྱ་གཞུང་གིས་འཛིན་བཟུང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་༣ཚེས་༡༧ཉིན་སྤེལ། འབྲེལ་ཡོད་ཀྱིས་འདི་གའི་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཕྱི་ཟླ་༣ ཚེས་༦ ཉིན་ཁམས་སོག་རྫོང༌། ཁྲི་རྡོ་ཡུལ་ཚོའི་དྲིལ་མདའ་དགོན་པའི་གྲྭ་སྐལ་བཟང་ཚུལ་ཁྲིམས་དང༌། ཐུབ་བསྟན་དཔལ་ལྡན། རྡོ་བ་གྲོང་ཚོའི་ནོར་འབུག་ཚང་གི་བུ་ནོར་བུ་དོན་གྲུབ། རྟ་མགྲིན་ཚང་གི་བུ་སྨོན་ལམ་རྒྱ་མཚོ། དགེ་ལི་ཚང་གི་བུ་ཚེ་རིང་ཐར་པ་བཅས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག
དེ་ཡང་རིན་ཆེན་ལགས་ནས་གསུངས་གསལ། ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་ནི་ཁ་པར་བརྒྱུད་བོད་དོན་དང་འབྲེལ་བ་ཡོད་པའི་པར་རིས་དང་འཕྲིན་ཐུང་གཏོང་རེས་བྱས་རྐྱེན་གྱིས་ཡིན་པ་དང༌།  ད་ལྟའི་ཆར་ཁོང་ཚོ་གང་དུ་བཀག་ཉར་བྱས་མིན་ནང་མི་ཚོས་ཀྱང་ཤེས་རྟོག་ཐུབ་ཀྱི་མེད་པ་རེད།
དེ་བཞིན་༢༠༡༢ ལོའི་ཕྱི་ཟླ་༥ ནང་དྲིལ་མདའ་དགོན་པའི་གྲྭ་པ་སྐལ་བཟང་ཚུལ་ཁྲིམས་ནི་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་གཅིག་གི་དུས་བཀག་ཁྲིམས་ཐག་བཅད་དེ། ལྷ་སའི་སྟོད་ལུང་བཙོན་ཁང་དུ་ལོ་གཅིག་བཙོན་འཇུག་བྱས་རྗེས་གློད་གྲོལ་ཐོབ་ཡོད་ འདུག་ཀྱང། ད་ལྟ་བསྐྱར་དུ་འཛིན་བཟུང་བྱས་ཡོད་འདུག
༢༠༡༤ ལོའི་ཕྱི་ཟླ་༢ ཚེས་༣ ཉིན་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་གྲོང་ཚོ་གསུམ་པའི་ན་གཞོན་དྲུག་རྒྱ་གཞུང་གིས་བཀག་ཉར་བྱས་པའི་ནང་ནས་སྲིད་གསུམ་རྡོ་རྗེ་དང༌། ལྷག་པ། འཇམ་དབྱངས་རྒྱ་མཚོ། རྡོ་རྗེ་བཅས་བཞི་གློད་གྲོལ་བཏང་ནས་ཁྲི་རྡོ་ཡུལ་ཚོའི་སྲིད་གཞུང་ནང་ཉིན་ལྟར་ ཐོ་འགོད་བྱེད་དགོས་པ་བཟོས་འདུག
ན་གཞོན་དྲུག་དེའི་ནང་ནས་ནོར་འཕེལ་ཚང་གི་བུ་ཨ་བཟང༌། འུག་གུ་མའི་བུ་མར་སྒོང་གཉིས་ད་ལྟའི་ཆར་གང་དུ་བཙོན་འཇུག་བྱས་མིན་ནང་མི་དང་ གྲོང་མི་དག་གི་བརྩད་བཅོད་ཐུབ་ཀྱི་མེད་པ་དང༌། དེ་བཞིན་༢༠༡༤ ལོའི་ཟླ་༢ ཚེས་༤ ཉིན་རྒྱ་གཞུང་གིས་རྡོ་བ་གཤར་ཚ་དགོན་པའི་དགེ་འདུན་པ་བཞི་འཛིན་བཟུང་བྱས་པ་དེ་ཡང་ད་ལྟའི་ཆར་གང་དུ་བཙོན་འཇུག་བྱས་མིན་ཤེས་རྟོག་གང་ཡང་མི་འདུག
སོག་རྫོང་ཁྲི་རྡོ་ཡུལ་ཚོའི་ལྕགས་ཟམ་ཟམ་ཁ་རུ་རྡོ་ཕ་བོང་ཆེན་པོའི་ཐོག་ ལྕགས་རྩི་དམར་པོས་བོད་རང་བཙན་ཡིན་ཞེས་པའི་ཡིག་འབྲུ་ཆེན་པོ་བྲིས་ཡོད་འདུག  ཟླ་༣ ཚེས་༡༠ ཉིན་རྒྱ་གཞུང་གི་དམག་མི་མོ་ཊ་༢༠ ཙམ་དང་ཉེན་རྟོག་པ་གྲངས་༨༠ ལྷག་སླེབས་ནས་ཡར་མར་འགྲོ་མཁན་ཚང་མར་ཞིབ་བཤེར་བྱེད་བཞིན་པ་མ་ཟད། ཕན་ཚུན་འགྲོ་འོང་བཀག་བསྡོམས་བྱས་ནས་སུན་གཙིར་དང་དྲག་གནོན་ཚད་ལས་བརྒལ་བ་ བྱེད་བཞིན་འདུག་ཅེས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་སོང༌།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།