choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

མདོ་སྨད་རྩེ་ཁོག་ཏུ་གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༣།༡༧ཉིན་སྤེལ། ཁ་སང་གཟའ་ཉི་མའི་སྔ་དྲོར་་བོད་ཀྱི་རྩ་དོན་ཆེད་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱི་ཆེད་དུ་མདོ་སྨད་རྨ་ལྷོ་རྩེ་ཁོག་སོ་ནག་དགོན་གྱི་གྲྭ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་རྨ་ལྷོ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་བརྡལ་(བྱ་དར་ཞང་)སོ་ནག་དགོན་པའི་གྲྭ་བ་ཞིག་གིས། དགོན་པའི་གླིང་གི་ཕྱི་རོལ་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་འདུག གནས་ཚུལ་བྱུང་རྗེས་རྒྱ་གཞུང་གིས་ས་གནས་ཀྱི་བརྒྱུད་ལམ་ལ་བཀག་སྡོམ་ནན་མོ་བྱས་ཡོད་པ་མ་ཟད། སྐྱིད་པོ་རིའི་སྒང་དུ་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་བཞེངས་བའི་མཆོད་རྟེན་གྱི་ཉེ་འཁོར་ཀུན་དམག་མི་འགྲེམ་འཇོག་དམ་དྲག་དང་། ཁ་པར་བརྒྱུད་ལམ་སོགས་བཀག་འདུག་པས། མེར་བསྲེཊ་གནང་མཁན་གྱི་མཚན་དང་འཆི་གསོན་སོགས་གསལ་བོ་མ་ཤེས་པར་ལྷག་ཡོད།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།