choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལོ་གཅིག་རིང་གནས་ཚུལ་ཕྱིར་བསྒྲགས་མ་ཐུབ་པར་ལྷག་པ་ཞིག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤/༠༣/༡༤ཉིན་སྤེལ། ང་ཚོའི་རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེ་ཡིན་པས་ཁོང་ལ་ཡིད་ཆེས་དང་དད་པ་ཡོད། ང་ཚོའི་དཔོན་པོ་བློ་བཟང་སེང་གེ་ཡིན་པས་ཁོང་གི་བཀའ་ལ་ཉན་དགོས། བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པས་ང་ཚོར་རང་བཙན་དགོས་ཞེས་པའི་དགོས་ འདུན་ཡི་གེ་ཞིག་བྲིས་པའི་དབང་གིས་འཛིན་བཟུང་བྱས་འདུག

རྒྱ་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༡ ནང་ནག་ཆུ་སོག་རྫོང་གཡག་ལ་ཡུལ་ཚོའི་གཡིག་གུ་གྲོང་གི་བོད་མི་དགའ་བ་བཟང་པོ་ལགས་འཇུ་བཟུང་བྱས་ཡོད་པ་མ་ཟད། འདས་པའི་ལོ་གཅིག་རིང་ཐག་གཅོད་ཅི་ཡང་མ་བྱས་པར་སོག་རྫོང་གི་བཀག་ཉར་ཁང་དུ་གཅར་རྡུང་མནར་གཅོད་བཏང་སྟེ། ད་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྐོར་བོད་ནས་འབྲེལ་ཡོད་ཅིག་གིས་བརྗོད་འདུག

ངག་དབང་ཐར་པ་ལགས་ཀྱིས་བརྗོད་དོན་ལྟར་ན། རྒྱ་གཞུང་གིས་དགའ་བ་བཟང་པོ་ལཊ་འཛིན་བཟུང་བྱས་དོན། ཁོང་གིས་ས་གནས་སུ་དོན་ཚན་གསུམ་སྟེ་དང་པོ། ང་ཚོའི་རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེ་ཡིན་པས་ཁོང་ལ་ཡིད་ཆེས་དང་དད་པ་ཡོད། གཉིས་པ། ང་ཚོའི་དཔོན་པོ་བློ་བཟང་སེང་གེ་ཡིན་པས་ཁོང་གི་བཀའ་ལ་ཉན་དགོས། གསུམ་པ། བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པས་ང་ཚོར་རང་བཙན་དགོས་ཞེས་པའི་དགོས་འདུན་ཡི་གེ་ཞིག་བྲིས་པའི་དབང་གིས་ཡིན་འདུག་ལ། འདས་པའི་ལོ་གཅིག་རིང་ས་གནས་བོད་མི་ཚོས་ཁོང་འཛིན་བཟུང་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་མ་ཐུབ་པར་ལྷག་ཡོད་འདུག

ཉེ་སྔོན་འབྲེལ་ཡོད་ཞིག་གིས་བཀག་ཉར་ཁང་ནས་ཤེས་གསལ་ལ།  དགའ་བ་བཟང་པོ་ལགས་ཀྱིས་ང་ལ་སེམས་ཁྲལ་དང་འགྱོད་པ་སྐྱེ་དགོས་པ་གསུམ་ཡོད་པ་ལས་དང་པོ། ངས་རང་ལུས་མེར་བསྲེགས་བྱེད་མ་ཐུབ་པར་རྒྱ་གཞུང་གི་ལག་པར་ཐེབས་སོང་། གཉིས་པ། བོད་ཀྱི་རྒྱལ་དར་པོ་ཏ་ལའི་སྒང་ལ་སྒྲོན་འདོད་ཀྱང་ཐུབ་མ་སོང་། གསུམ་པ། རྒྱ་མིའི་རྒྱལ་དར་མེར་བསྲེགས་བྱེད་བསམ་ཡང་བསྲེགས་ཐུབ་མ་སོང། ངས་གང་བཤད་པ་དེ་དག་འཛམ་བུ་གླིང་གི་མི་ལ་སྒྲོགས་དགོས་ཀྱི་ཡོད་ཅེས་རྒྱ་གཞུང་གི་ལས་བྱེད་རྣམས་ལ་བཤད་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།