choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཉེན་རྟོག་པའི་མདུན་དུ་རང་ཉིད་ལ་གྲི་བརྒྱབས་ནས་གྲོངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་ཚེས་༢༡ཉིན་སྤེལ། འདི་ག གསར་ཁང་དུ་གནས་ཚུལ་འབྱོར་གསལ་ལྟར་ན། བོད་མདོ་ཁམས་སྨར་ཁམས་ནས་ཡིན་པ་བཀྲ་ཤིས་ཚེ་རིང་ལགས་ནས་རྒྱ་གཞུང་གི་ཉེན་རྟོག་པས་༢༠༠༨ལོའི་ཞི་རྒོལ་དང་འབྲེལ་བ་ཡོད་ལུགས་ཉེས་འཛུགས་ཀྱིས་འཇུ་བཟུང་བྱེད་ཐབས་སྐབས་རང་གིས་རང་ལ་གྲི་བརྒྱབས་ནས་སྐུ་གྲོངས་ཡོད་འདུག
དེ་ཡང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་འབྲས་སྤུངས་གྲྭ་བློ་བཟང་ལགས་ནས་གསུངས་དོན། དེ་སྔོན་སྤྱི་ལོ་༢༠༠༨་ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའྀ་ལས་འགུལ་ནང་མཉམ་ཞུགས་གནང་མཁན། མདོ་ཁམས་སྨར་ཁམས་ནས་ཡིན་བོད་མི་བཀྲིས་ཚེ་རིང་ལགས་ཟླ་བ་འདིའི་སྤྱི་ཚེས་༢༠་ཉིན་དེ་སྔོན་ཀྱི་གནས་ཚུལ་གྱི་ཉེས་འཛུགས་བྱས་ཏེ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱེད་ཐབས་བྱས་སྐབས། ཉེན་རྟོག་པའི་མདུན་དུ་ཁོང་གིས་རང་གི་ལུས་ལ་རང་གིས་གྲི་བརྒྱབས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་སྐུ་གྲོངས་ཡོད་པ་རེད།
ཁོང་ནི་མདོ་ཁམས་སྨར་ཁམས་རྫོང་ལྕགས་ཐག་འབུ་རྫོང་རུ་ཁག་ནས་ཡིན་འདུག་ལ། ཁོང་གི་ནང་མི་ཉེ་འབྲེལ་ཡོངས་ནས་དམ་པ་ཁོང་གི་ཆེད་དུ་མཆོད་འབུལ་ཞུ་བཞིན་ཡོད་པ་དང༌། རྒྱ་མིའི་ཉེན་རྟོག་མི་སྣས་ཁུལ་དེར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་དོགས་ཀྱིས་ནང་མིར་འཇིགས་སྐུལ་དང༌། བཙན་དབང་གིས་འཛུབ་ཐེལ་རྒྱག་བཅུགས་ཡོད་པ་རེད།
ཁོང་གིས་མུ་མཐུད་གསུངས་གསལ། ༢༠༡༤ཟླ་༢་ཚེས་༡༥་ཉིན་སྨར་ཁམས་རྫོང་ཁོངས་སུ་ཡོད་པའི་མཁན་པ་ལུགས་དགོན་པའི་དགེ་འདུན་པ་༢༠་ཙམ་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་འཇུ་བཟུང་བྱས་ནས། དུས་ཡུན་གང་མཚམས་རིང་བཀག་ཉར་གྱིས་འདྲི་རྩད་ནན་པོ་བྱས་རྗེས་ཚེས་༢༡་ཉིན་གློད་བཀྲོལ་བཏང་ཡོད་པ་རེད།
གྲྭ་བློ་བཟང་ལགས་ནས་མུ་མཐུད་གནས་ཚུལ་ངོ་སྤྲོད་གནང་གསལ། མཁན་པ་ལུགས་དགོན་པའི་གྲྭ་བ་དེ་དག་རྒྱ་ནག་གིས་འཛིན་བཟུང་བྱེད་དོན་ནི། ཁོང་ཚོས་སྐད་འཕྲིན་བརྒྱུད་གོང་ས་མཆོག་གི་སྐུ་པར་འདོན་འགྲེམས་དང༌། བོད་དོན་དང་འབྲེལ་བའི་གནས་ཚུལ་རིགས་ཕྱི་ཕྱོགས་སུ་གཏོང་བཞིན་པའི་དོགས་གཞི་བྱས་ཡོད་ཚུལ་བཤད་ཡོད་པ་རེད།
དགེ་འདུན་པ་དེ་རྣམས་ཀྱང་༢༠༠༨་ལོའི་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་པའི་ཉེས་འཛུགས་དོགས་འདྲི་བྱས་པ་ཡིན་ཚུལ་ཤོད་མཁན་ཡང་ཡོད་པ་ལས་ཞིབ་ཕྲའི་གནས་ཚུལ་གསལ་ཁ་ཆགས་མེད་པ་རེད།
སྤྱི་ལོ་༢༠༠༨་ལོའི་བོད་ནང་གི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གིས་བོད་ས་ཡོངས་རྫོགས་སུ་གནས་པའི་བོད་མི་རྣམས་དྲག་གནོན་དང༌། མང་པོ་འཛིན་བཟུང་བྱས་ཡོད་པ་ལྟར། སྨར་ཁམས་མཁན་པ་ལུགས་དགོན་པ་ནས་ཀྱང་སྐབས་དེར་དགེ་འདུན་པ་༡༢་ཙམ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང༌། དེ་རྗེས་ཁུལ་དེར་དྲག་གནོན་ཆེ་ཆུང་རབ་དང་རིམ་པ་བྱས་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།