choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རེབ་གོང་དུ་ཞོར་ཟས་རྫུན་རིགས་ཀྱི་རྩ་སྟོངས་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༢།༢༠ཉིན་སྤེལ། བོད་མདོ་སྨད་རེབ་གོང་ས་ཁུལ་དུ་ཁྲོམ་རའི་ཞོར་ཟས་སྤུས་ཀ་ཞན་པ་དག་ཉོ་ཚོང་བཀག་སྡོམ་གྱི་ལས་འགུལ་སྤེལ་འགོ་བརྩམས་ཡོད་པའི་བྱ་ལས་འགའ་ཕྱོགས་བསྒྲིགས་བྱས་པ།

བོད་མདོ་སྨད་རེབ་གོང་ས་ཁུལ་དུ་ཁྲོམ་རའི་ཞོར་ཟས་སྤུས་ཀ་ཞན་པ་དང་བུ་ཕྲུག་གི་ལུས་ཁམས་བདེ་ཐང་དང་ཀླད་པ་བཅས་ལ་གནོད་པའི་ཟས་རིགས་སོགས་ཉོ་ཚོང་བཀག་སྡོམ་གྱི་ལས་འགུལ་གསར་པ་ཞིག་སྤེལ་འགོ་བརྩམས་ཡོད་འདུག
༢༠༡༤།༠༢།༠༩ཉིན་རེབ་གོང་རྒྱལ་བོ་ཀླུ་ཆུའི་སློབ་ཆེན་སློབ་མ་ཚོས་མ་བསྐུལ་དང་བླངས་སྒོས། སྡེ་བའི་ཚོང་ཁང་སོ་སོར་སོང་ནས་ཁ་ཚ་སྐྱི་མོ་སོགས་མིའི་ལུས་ཕུང་ལ་གནོད་པ་ཆེ་བའི་ཞོར་ཟས་རིགས་སྡེ་བའི་ནང་ནས་ཉོ་བསྡུ་བྱས་ནས་བྱིས་པ་གཙོས་ཞོར་ཟས་ལ་རོལ་བའི་མི་རྣམས་ལ་ཞོར་ཟས་ཀྱི་གནོད་པ་མི་འབྱུང་བའི་འགན་ལེན་བྱསའདུག
བྱ་འགུལ་འདིའི་ཐད་ལ་ཚོང་བ་སོ་སོ་ནས་ཀྱང་དགའ་མགུ་ཡི་རང་གིས་ཕྱིན་ཆད་ཞོར་ཟས་འདིའི་རིགས་མི་བཙོང་བའི་ཁས་ལེན་བྱས་བས་སློབ་མ་ཚོས་ཚོང་བ་དག་ལ་བཀའ་དྲིན་ཞུ་བའི་ཁ་བཏགས་བཏང་ནས་སྤྱི་ཚོགས་ལ་ཞབས་ཞུ་བྱས་ཡོད་འདུག

སྤྱི་ལོ༢༠༡༤།༠༢།༡༡ཉིན་རེབ་གོང་སྨད་པ་ཧ་ར་བ་ངྷིའི་ཡུལ་མི་ཚོས་མ་འོངས་པའི་བྱིས་བའི་བདེ་ཐང་གི་ཆེད་དུ་ལུས་ཕུང་ལ་གནོད་པའི་ཞོར་ཟས་རིགས་གཏན་འགོག་བྱས་ཡོད་འདུག སྐབས་གཉིས་པའི་བོད་ཡིག་རྨོངས་སེལ་འཛིན་གྲྭ་མཇུག་བསྡུ་བའི་མཛད་སྒོ་དང་བསྟུན་ནས། མིའི་རིགས་དང་ལྷག་པར་དུ་ཁྱིམ་ཚང་དང་མི་རིགས་ཀྱི་མ་འོངས་པའི་བདག་པོ་བྱིས་པ་ཚོའི་བདེ་ཐང་གི་ཆེད་དུ་སྡེ་བའི་ཚོང་ཁང་སོ་སོའི་ནང་གི་མ་ལ་སི(麻辣丝)སོགས་གཞུང་བཞེས་བྱས་ནས་མེར་བསྲེགས་བྱས་ཡོད་འདུག

རེབ་གོང་སྒོ་མར་སྡེ་བའི་བྱིས་པ་ཚོས་ཞོར་ཟས་འདི་དག་ཟོས་ནས་བྱིས་པ་མང་བོར་སྐེ་སྐྲངས་བྱུང་བ་སོགས་ཀྱི་ནད་རིགས་འདྲ་མིན་བྱུང་བར་བརྟེན་
༢༠༡༤།༠༢།༠༨ཉིན་རེབ་གོང་སྒོ་མར་སྡེ་བའི་བྱིས་པ་ཚོས་ཞོར་ཟས་རིགས་ཟོས་ནས་བྱིས་པ་མང་བོར་སྐེ་སྐྲངས་བྱུང་བ་སོགས་ཀྱི་ནད་རིགས་འདྲ་མིན་བྱུང་བར་བརྟེན་སྡེ་བའི་གཞོན་སྐྱེས་བརྒྱ་ལྷག་གིས་སྣེ་ཁྲིད་དེ། ཡུལ་དེའི་བོད་མི་ཚོང་གཉེར་བ་དང་མཉམ་རུབ་ཐོག་སྡེ་བའི་བྱིས་བ་ཚོའི་བདེ་ཐང་ལ་གནོད་པའི་ཞོར་ཟས་རིགས་མེར་བསྲེགས་གཏན་འགོག་བྱས་ཡོད་འདུག
འདི་རིགས་ངོ་དེབ་དང་སྐད་འཕྲིན་སོགས་སུ་ཕྱོགས་བསྡུས་བྱས་པ་ཞིག་ཡིན།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།