དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་ཞི་རྒོལ་བ་བཞི་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཕོག་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༨པའི་ཚེས་༢༨ཉིན་སྤེལ། བཞུགས་སྒར་རྡ་རམ་ས་ལའི་བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ། སྔར་ལོར་བོད་ཀྱི་རྒྱལ་ས་ལྷ་ས་དང་སྟག་རྩེ་རྫོང་ཁོངས་སུ་བོད་མི་བཞིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཅིང༌། ལོ་འདིའི་ལོ་སྟོད་དུ་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་བོད་མི་ཞི་རྒོལ་བ་དེ་ཚོར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག ཁོང་ཚོའི་དུས་བཀག་བཙོན་འཇུག་གི་བཙོན་ཡུན་ནི་ལོ་གཉིས་དང་ཕྱེད་ཀ་ནས་ལོ་བཅོ་ལྔ་བར་རེད་འདུག

དེ་ཡང་བོད་མི་ཞི་རྒོལ་བ་བཞི་དེ་ཚོ་ནི་དབང་ཕྱུག་གམ་བློ་བཟང་དབང་ཕྱུག་དང༌། ཚུལ་ཁྲིམས། ཆོས་འཕེལ། ལྷག་པ་བཅས་ཡིན་འདུག་ལ། ཁོ་ཚོའི་ཁྲོད་ཀྱི་མི་གསུམ་ནི་སྔར་ལོའི་ཕྱི་ཟླ་༣པའི་ནང་སྟག་རྩེ་རྫོང་དུ་རྒྱ་གཞུང་གིས་བོད་ནང་དུ་སྤེལ་གྱིན་པའི་དྲག་གནོན་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་བྱེད་མཁན་ཡིན་པ་དང༌། གཞན་གཅིག་གིས་དུས་མཚུངས་སུ་ལྷ་སར་ཞི་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

ད་ལྟ་ཁོང་ཚོ་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་དུ་ཡོད་པའི་ཆུ་ཤུལ་རྫོང་ཁུལ་གྱི་བཙོན་ཁང་ནང་བཙོན་འཇུག་བཀག་བསྐྱིལ་བྱས་ཡོད་འདུག

རང་ལོ༢༦སོན་པའི་བློ་བཟང་དབང་ཕྱུག་ནི་སྟག་རྩེ་རྫོང་བདེ་ཆེན་ཤང་གི་ཕ་བསོད་ནམ་ཚེ་རིང་གི་བུ་ཡིན་ཞིང༌། ཁོང་གིས་བདེ་ཆེན་རྫོང་གི་གསང་སྒ་དགོན་དུ་བསླབ་པ་སློབ་གཉེར་བྱས་མྱོང་ཡོད་པ་མ་ཟད། རྗེས་སུ་གླ་གཏོང་རླངས་འཁོར་ཁ་ལོ་བའང་བྱས་མྱོང་ཡོད་འདུག

ཁོང་གིས་ན་ནིང་སྟག་རྩེ་རྫོང་དུ་རྒྱ་རྒོལ་གྱི་ཞི་བའི་ལས་འགུལ་ནང་ཞུགས་རྐྱེན། རྒྱ་གཞུང་གིས་ཁོང་ལ་ལོ་༡༥ བཙོན་འཇུག་གི་ཁྲིམས་ཆད་བཅད་ཡོད་འདུག དབང་ཕྱུག་ལགས་ཀྱི་སྤུན་ཆེ་བ་ཚུལ་ཁྲིམས་༼ལོ༢༣ ༽དང་ ཆོས་འཕེལ་༼ལོ༢༤ ༽་གཉིས་ལ་ལོ་གཉིས་དང་ཕྱེད་ཀའི་ཁྲིམས་ཆད་ཕོག་ཡོད་འདུག

རང་ལོ་༢༢སོན་པའི་ལྷག་པ་ཚེ་རིང་ནི་ཆེད་ལས་རི་མོ་མཁས་པ་ཞིག་ཡིན་ཞིང༌། ཁོང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་རྒོལ་གྱི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པའི་ཉེས་འཛུགས་འོག རྒྱ་ནག་གཞུང་གིས་ཁོང་ལ་ལོ༥ ཡིའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག །

བཙན་བྱོལ་བོད་གཞུང་གི་ཞིབ་བཤེར་སྙན་ཐོར་གཞིགས་ན། སྔར་ལོར་བོད་ནང་དུ་ཞི་རྒོལ་ཆེན་མོ་བྱུང་རྗེས་ཀྱི་རྒྱ་ནག་གི་བདེ་སྲུང་དང་ཉེན་རྟོག་དམག་མིའི་དྲག་གནོན་གནར་གཅོད་འོག བོད་མི་༢༢༠ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པ་དང༌། གཞན་༡༢༩༤ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག དེ་བཞིན་རྒྱའི་བཙོན་འོག་ཏུ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་བོད་མི༥༦༠༠ ལས་༢༩༠ ལྷག་ལ་ཁྲིམས་ཐག་བཅད་ཟིན་པ་དང༌། བོད་མི༡༠༠༠ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ྋགོང་ས་ྋསྐྱབས་མགོན་ཆེན་པོས་གསུངས་པ་བཞིན་ཁོང་ཚོ་སྙིང་རྗེ་དམྱལ་བ་མི་ཡུལ་དུ་མྱོང་བ་བཞིན་མྱོང་གི་ཡོད་རེད། གངས་སེང༌།



བརྗོད་གཞི་གཞན་ཁག་ལ་གཟིགས།